ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས་པ་དང་། ཞི་ཅིན་ཕེན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཀྱི་ཆེའི་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཧྲི་ཀྲའོ་ཀྲུང་ཞན་དང་ཀྲུང་གོ་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་པ་ཐུའུ་ཡུག་ཡུག་གཉིས་ལ་བྱ་དགའི་དཔང་ཡིག་གནང་།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས། ཚོགས་ཆེན་དངོས་སུ་མགོ་མ་བརྩམས་པའི་སྔོན་ལ། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་ལྷན་དུ་པར་བླངས་ནས་དྲན་རྟེན་དུ་བཞག
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་འཐུས་མི་ལ་བྱ་དགའ་གནང་། ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་བ་དང་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།
ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་དངོས་སུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐོག་མར་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཀྱི་ཆེའི་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཧྲི་ཀྲའོ་ཀྲུང་ཞན་དང་ཀྲུང་གོ་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་པ་ཐུའུ་ཡུག་ཡུག་གཉིས་ལ་བྱ་དགའི་དཔང་ཡིག་གནང་བར་མ་ཟད་ཕྱག་འཇུ་གནང་ཞོར་དུ་རྟེན་འབྲེལ་ཞུས། དེར་མཐུད་ནས་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མི་ལ་བྱ་དགའ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བླ་མེད་གུས་འདུད་ཞུས་པ་དང་བརྩེ་བའི་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་ཚན་རྩལ་ལས་དོན་ཁྲོད་དུ་ཞུགས་པ་དང་རྒྱབ་སྐྱོར་གནང་བའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་ལྷག་བསམ་རྣམ་སྒོས་བཀའ་དྲིན་ཆེ་ཞུས།
ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཅིང་ཚན་རྩལ་འཐབ་ཕྱོགས་ནས་དོན་ཆེན་དང་དོན་བཟང་གང་མང་བྱུང་བ་དང་། མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚན་རྩལ་གྲུབ་འབྲས་ཆེན་པོ་སྐོར་ཞིག་བྱུང་ཞིང་ཚན་རྩལ་གསར་སྐྲུན་གྲུབ་འབྲས་མྱུར་དུ་ལེགས་སྒྱུར་བྱས་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཐད་ནས་མཐོ་རླབས་གསར་བ་འཕྱུར་ནས་ཀྲུང་ཧྭའི་ས་གཞི་ཀུན་ཏུ་གསར་སྐྲུན་གྱི་རྣམ་པ་བཟང་བོ་བྱུང་། དེང་སྐབས། འཛམ་གླིང་ཡོངས་ཀྱི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ལ་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བཟང་བོ་བྱེད་པ་དང་སྒུལ་ནུས་གསར་རྙིང་རྒྱུན་མཐུད་སྒོས་སྤོ་སྒྱུར་བྱེད་པའི་དུས་སྐབས་གསར་བར་སླེབས་བཞིན་ཡོད་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གསར་སྐྲུན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྣེ་ཁྲིད་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་བཟུང་སྟེ་གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། མགྱོགས་མྱུར་སྒོས་སྒུལ་ནུས་གསར་བ་གསོ་སྐྱོང་དང་སྲོལ་རྒྱུན་སྒུལ་ནུས་སྒྱུར་བཀོད་བྱས་ནས། དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཆུ་ཚད་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བྱ་དགའ་ཐོབ་མཁན་རྣམས་མིག་དཔེ་བྱས་ཏེ་མུ་མཐུད་དུ་རྒྱལ་ཁབ་ལ་ཞབས་ཕྱི་སྒྲུབ་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་དགོས་ལ། སྤོབས་པ་ཆེན་པོས་ལས་འགན་དང་ལེན་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་སྐྲུན་གྱི་བགྲོད་ལམ་དུ་སྐྱོད་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས།
ཚོགས་ཆེན་དངོས་སུ་མགོ་མ་རྩོམ་པའི་སྔོན་ལ། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་ལྷན་དུ་པར་བླངས་ནས་དྲན་རྟེན་དུ་བཞག