ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་མུ་མཐུད་དུ་ཟབ་སྤེལ་བྱེད
2017.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་དང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། རྩ་ལག་མཉམ་བཅོས་བྱེད་པ། ཁྱོན་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་སྔར་ལས་དོ་སྣང་ཤུགས་ཆེན་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱོད་ལམ་འཛུགས་སྐྲུན་བྱ་བ་དམ་པོར་འཛིན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་ལས་ཟབ་སྤེལ་བྱེད་པ། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་སྤྱོད་ལམ་རང་རྒྱུད་དུ་ལེན་པ་བཅས་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། བསམ་པའི་རྣམ་པ་ལེགས་པོ་དང་བྱ་བའི་གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་སྟ་གོན་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྲང་ཀོང་རུང་དང་། མཱ་ཧྲོན་ཆིན། ཝང་ཞའོ། མགོན་པོ་བཀྲ་ཤིས། ཀྲང་ཞི་མེན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ཡིད་རྟོན་བརྟན་པ་དང་འགན་འཁྲིའི་འདུ་ཤེས་དྲག་པོ་ལྡན་པས། དེ་ནི་གནས་བབ་གསར་བའི་འོག་གི་ཏང་གི་འཛུགས་སྐྲུན་གྱི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པར་མ་ཟད། དེས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ཟབ་སྤེལ་བྱེད་པ་ལ་སྟོབས་དང་ལྡན་པའི་ཆོས་ཉིད་དང་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད། ང་ཚོས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་བཅས་དང་ཟུང་དུ་སྦྲེལ་བའི་སྒོ་ནས་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། དེ་དག་ཕན་ཚུན་བར་གྱི་རྒྱུན་མཐུད་རང་བཞིན་དང་སིམ་འདྲེས་ཀྱི་རྣམ་པར་བསམ་གཞིགས་ཞིབ་མོ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་མཐའ་འཁྱོལ་བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་བབ་ཐད་ཀྱི་བརྡར་གཅོད་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་བའི་ལས་དོན་ནི་ཏང་གི་མདུན་ལམ་དང་ལས་དབང་ལ་ཐད་ཀར་འབྲེལ་ཡོད་པར་མ་ཟད། ད་དུང་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལའང་ཅིག་ཅར་འབྲེལ་ཡོད་པས། ཅིས་ཀྱང་གཅིག་གྱུར་བཞིའི་བློ་འབྱེད་གལ་ཆེན་དང་ཆབ་སྲིད་རིག་གནས་ཀྱི་བྱེད་ནུས་གལ་ཆེན། ཏང་གི་མཐོ་རིམ་ལས་བྱེད་པས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་གཏོང་བའི་དཔེ་ལྟའི་འདུ་ཤེས་བཅས་ལ་གོ་བ་རྟིང་ཚུགས་པ་ལེན་དགོས། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་བྱ་བའི་འོས་འགན་བདུན་ལ་གོ་བ་ཡང་དག་ལེན་དགོས། མདོར་ན་ལག་ལེན་དངོས་ཀྱི་ཁྲོད་ནས་ཏང་ལ་བློ་དཀར་བའི་བསམ་པ་མངོན་མཚོན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་འཕྲད་ཀྱིན་པའི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ་དང་སྤྱི་སྡོམ་གསལ་ཐག་ཆོད་པ་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བར་གོ་བ་གཏིང་ཟབ་བླངས་ནས་བློ་ཐག་རྦད་ཆོད་ངང་དངོས་འབེབས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ནས། རང་བདག་འགན་འཁྲི་ཕྲག་སྟེང་དུ་གཡོལ་མེད་ངང་དང་དུ་བླངས་པར་མ་ཟད། བདེན་འཛིན་དང་བདེན་སྒྲུབ་དང་གཟབ་ནན་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཡིད་ཆེས་དང་ཆོད་སེམས་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་རུ་སོན་པའི་བར་སྤེལ་དགོས། རྩ་ལག་མཉམ་བཅོས་བྱ་བ་འབུར་དུ་ཐོན་པར་བྱེད་པ་ལ། གཤམ་གྱི་ཕྱོགས་ལྔ་དམ་པོར་འཛིན་དགོས་ཏེ། གཅིག་ནས་བློ་བརྟན་འགྱུར་མེད་ངང་སྤྱོད་ལམ་འཛུགས་སྐྲུན་བྱ་བ་དམ་པོར་འཛིན་དགོས། གཉིས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་སྔར་ལས་འཐུས་ཚང་ཅན་དུ་གཏོང་བ་དང་དེ་ལག་བསྟར་དངོས་འབེབས་བྱེད་དགོས། བཞི་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ལྔ་ནས་ཡ་རབས་སྤྱོད་གཙང་གི་སྐབས་བརྗེ་འདེམ་བསྐོ་བྱ་བའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པ་བཅས་ཡིན་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་མགོ་བ་གཙོ་བོ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས། དེ་མིན་ད་དུང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཡང་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཐེངས་འདིའི་གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས་ཤིང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས།