ཝང་གོ་ཧྲིན་མཚོ་བྱང་སོགས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་མིག་རྒྱང་རིང་དུ་བསྲིང་བ་དང་བསམ་ཕྱོགས་བསྒྱུར་བ། སྟོབས་ཤུགས་གཅིག་བསྡུས་བཅས་ཀྱི་སྒོ་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས་ཞེས་ནན་གྱིས་བསྟན།
2017.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་སྔ་གཞུག་ཏུ་མཚོ་ཤར་དང་བཅིངས་འགྲོལ་དམག མཚོ་ལྷོ། མཚོ་བྱང་བཅས་ཀྱི་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

མཚོ་ཤར་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཝང་གོ་ཧྲིན་གྱིས་འདས་པའི་ལོ་གཅིག་རིང་མཚོ་ཤར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལག་ལེན་མཐར་ཕྱིན་ནན་མོ་བྱེད་དགོས་ན། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་བ། མིག་རྒྱང་རིང་དུ་བསྲིང་བ། འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་སྟེང་གི་དགེ་མཚན་རྩལ་དུ་བཏོན་ནས་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་མཉམ་སྒུལ་བྱ་བ་ཡར་ལྡན་དུ་སྤེལ་མཐར། ཕྱི་ཕྱོགས་སྒོ་འབྱེད་དང་གྲོང་ཁྱེར་འཕེལ་རྒྱས། ཐོན་ལས་ཚུལ་བསྒྱུར་སོགས་ཀྱི་ཐད་ནས་རང་རྟོགས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་སིམ་འདྲེས་ཡོང་བར་བྱེད་དགོས་ཞེས་བསྟན།

བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཝང་གོ་ཧྲིན་གྱིས་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་འདས་པའི་ལོ་གཅིག་གི་ནང་དུ། རང་སྟེང་གི་འཕེལ་རྒྱས་ལ་ཤུགས་སྣོན་དང་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕེན་བཅས་ཀྱི་ཇུས་ཆོད་མཛུབ་སྟོན་བློ་ཐག་རྦད་ཆོད་ངང་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། འདུ་ཤེས་བཞི་ཡིད་ལ་དམ་པོར་ཉར་ནས། ཁ་མིན་དོན་གྱིས་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། དམག་དཔོན་སྟོབས་ལྡན་གྱི་དམིགས་འབེན་བྱ་བ་སྣེ་སྟོན་དུ་བཟུང་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་དངོས་འབེབས་མཐར་ཕྱིན་བྱེད་པའི་བྱ་བ་ལས་རིམ་ཁག་སོ་སོའི་ཁྲོད་ནས་མངོན་དུ་འཇུག་དགོས། ཏང་གི་བློ་དཀར་བསམ་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལ་བློ་དཀར་གཙང་མ་ཡིན་པའི་སྟེང་ནས་མངོན་དུ་འཇུག་དགོས་ཤིང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། ཇུས་ཆོད་སྲིད་ཇུས་བཅས་ཀྱི་སྟེང་ནས་མངོན་དུ་འཇུག་དགོས། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་གྱུར། སྙིང་སྟོབས་ཀྱི་ཚད་ཤིང་འཛུགས་པ་བཅས་བྱས་མཐར། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་སྐྲུན་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་དང་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་མཐར། སྔར་ལས་ལྷག་པའི་སྒོ་ནས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་རྨང་གཞི་སྲ་བརྟན་དུ་བཏང་ཐོག དམག་དམངས་སིམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་བཏོད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

མཚོ་ལྷོ་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་དུ། ཝང་གོ་ཧྲིན་གྱིས་མཚོ་ལྷོ་ཁུལ་གྱིས་ལོ་གཅིག་རིང་གི་ལས་རིམ་ཁག་སོ་སོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཁྱོན་ཡོངས་ནས་འགྱུར་ལྡོག་བཞིའི་འཕེལ་རྒྱས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་ཆེ་ཤོས་སྔོག་འདོན་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཀྱི་སྦས་ཤུགས་ཆེན་པོའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་འབད་དེ། ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་གྱི་དགེ་མཚན་དུ་བསྒྱུར་དགོས། སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་རིག་གནས་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་ཐོན་ལས་བཅས་འཕེལ་རྒྱས་སུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་ལ། མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ར་བ་བཟང་བོར་གཉེར་ནས། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་པོའི་ཕྱོགས་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་བྱང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་དུ། ཝང་གོ་ཧྲིན་གྱིས་འདས་པའི་ལོ་གཅིག་རིང་མཚོ་བྱང་ཁུལ་གྱིས་བླངས་པའི་ལས་རིགས་ཁག་སོ་སོའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། གོ་སྐབས་དམ་འཛིན་དང་རང་རྟོགས་སྒོས་འཆར་འགོད་བཟོ་བ། མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་སྒོ་ནས་བྱ་བའི་ཤུགས་འདོན་ས་མ་ནོར་མ་འཆུག་པའི་ངང་འཚོལ་བ། ཞན་ཆ་ཁ་གསབ་བྱེད་པ། ཁྱད་ལྡན་ཐོན་ལས་དང་ལྗང་མདོག་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། བར་མ་ཆད་པའི་ངང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སྤེལ་བའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།