མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2017.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཞུགས་དགོས་པ་དང་། འཐུས་མི་སུམ་བརྒྱ་དང་རེ་བདུན་གྲོས་ཚོགས་ལ་དངོས་སུ་ཞུགས་པས། བཅའ་ཁྲིམས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན།

གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་སྟག་འབུམ་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་ཝང་ཞའོ་དང་སྟག་འབུམ་ཐར། ངག་དབང་བསོད་ནམས། ཡུས་ཚོང་ལིག ཝུན་གོ་ཏུང་། ཀྲང་ཝུན་ཁོས། ཉི་མ་སྒྲོལ་མ། ཝུའུ་ཏི་ཅོན། ཝུའུ་ཡུས་ཀྲང་། ཅུས་ཁི་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད།

ཝང་གོ་ཧྲིན་དང་ཝང་ཅན་ཅོན། རིན་ཆེན་རྒྱལ། རྡོ་རྗེ་རབ་བརྟན། ཀྲང་ཀོང་རོང་། མཱ་ཧྲོན་ཆིན། ཝང་ཞོ་ཡུང་། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པའོ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཕུལ་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན་གྱིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་པད་གྱིས་ཕུལ་བའི་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

མུའུ་ཏུང་ཧྲིན་གྱིས་སྙན་ཞུའི་ནང་བཤད་རྒྱུར། འདས་པའི་ལོ་གཅིག་རིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་འཛུགས་རྒྱུ་སྤུས་མཐོར་འདེགས་བྱེད་པ། ཁྱབ་ཁོངས་གཙོ་བོར་དོ་སྣང་བྱེད་པ་དང་། ལྟ་སྐུལ་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། གོ་གནས་གཙོ་བོར་བརྩི་འཇོག་བྱེད་པ་དང་འཐུས་མིའི་བྱ་བ་རྒྱ་བསྐྱེད་པ། གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་བྱེད་པ། ནུས་པ་དང་བྱང་ཚད་མཐོར་འདེགས་བྱེད་པ་དང་། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོནཔ་བཅས་བྱས། 2017ལོ་ནི་སྐབས་འདིའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གི་འགན་ཁུར་བའི་ཆེས་མཐའ་མཇུག་གི་ལོ་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཀྱང་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུ་རྒྱུ་ཡིན་པས། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་ལག་བསྟར་ནན་མོ་བྱེད་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གསུམ་གཅིག་གྱུར་བྱེད་པར་རྒྱུན་འཁྱོངས་བྱེད་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་འགྱུར་ལྡོག་བཞི་དང་ཤུགས་འདོན་དྲུག་གི་བཀོད་སྒྲིག་བྱེད་ཐབས་ལ་དམིགས་ནས། རྩ་ཁྲིམས་བཅའ་ཁྲིམས་གྱིས་གནང་བའི་འགན་དབང་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་ཐག་གིས་སྐབས་འདིའི་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། གྲུབ་འབྲས་བཟང་བོ་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་སྔོན་བསུ་བྱེད་དགོས་ཟེར།