སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་འོས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་ཝང་ཞའོ་ཡུང་། ལོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་། དྲུག་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་ནས་བསྡད། ཀྲང་ཧྲིག་ཁྲིན་གྱིས་ཚོགས་འདུ་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས།
ཝང་གོ་ཧྲིན་དང་ཝང་ཅན་ཅོན། རྡོ་རྗེ་རབ་བརྟན། ཀྲང་ཀོང་རུང་། མཱ་ཧྲུན་ཆིན། ཝང་ཞའོ། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པའོ་བཅས་གདན་དྲངས་པ་ལྟར་ཀྲུའུ་ཞི་སྟེགས་བུའི་སྟེང་ནས་བསྡད།
ཚོགས་ཆེན་སྟེང་དུ་རིམ་པ་བཞིན་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ། ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་པར་གྲོས་སྡུར་བྱས། ཨུ་ཡོན་རྣམས་ཀྱིས་མཉམ་དུ་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུས་ཉིས་སྟོང་བཅུ་དྲུག་ལོའི་བྱ་བར་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། དོན་དངོས་དང་མཐུན་ཞིང་ཁྱོན་ཡོངས་ལ་ཁེབས་པར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་བྱ་བར་ལག་ལེན་དུ་འཁྱོལ་ངེས་ཀྱི་བཀོད་སྒྲིག་བྱས་ཡོད་ཟེར། དེ་དང་མཉམ་དུ་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འཕེལ་རྒྱས་ཀྱི་འདུན་མ་བཟང་བོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་དམིགས་སར་བཟུང་ཐོག འགྱུར་ལྡོག་བཞིའི་མཚོ་སྔོན་སྐྱོང་བའི་བསམ་ཕྱོགས་གསར་བའི་ངོས་ནས། ཏན་ཏག་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ཤིང་། མཚོ་སྔོན་གྱི་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲི་དཀྱིལ་སྙིང་དུ་བཟུང་ནས། གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་སྤེལ་བ་དང་ཐུན་མོང་གི་ལྟ་བ་ཇེ་དྲག་གཏོང་བ། བློ་འདོན་ཇུས་འབུལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྲིད་གྲོས་ཨུ་ཡོན་ཀྱི་འཕེལ་རྒྱས་དང་དམངས་ཚིས་བྱ་བ་ཡིད་ལ་རྟག་པར་ཉར་ཞིང་། རང་འགན་རང་འཁྲིའི་བྱ་བར་འབད་བརྩོན་ལྷོད་མེད་བྱེད་པའི་རེ་སྙེག་མངོན་པར་མཚོན་ཡོད་པར་མ་ཟད། སྲིད་གྲོས་དེ་གྲོས་མོལ་དམངས་གཙོའི་བརྒྱུད་ལམ་གལ་ཆེན་ཡིན་པ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་བྱེད་ནུས་ཕན་འབྲས་ལྡན་པའི་ངང་འདོན་སྤེལ་གང་ལེགས་བྱས་ཡོད། ཚོགས་འདུའི་ཐོག་མཐའ་བར་གསུམ་ཀུན་ཏུ་འཆམ་མཐུན་དང་དམངས་གཙོ། བདེན་འཚོལ། མཐུན་སྒྲིལ་བཅས་ཀྱི་མཁའ་དབུགས་ལེགས་པོས་ཁེབས་ཡོད་ཅིང་། དེ་ནི་དམངས་གཙོ་དར་སྤེལ་དང་མང་གྲོས་བློ་བསྡུ། འཕེལ་རྒྱས་ལ་ཇུས་གཞི་མཉམ་འགོད་བཅས་བྱས་པའི་ཚོགས་ཆེན་ཞིག་ཡིན་པ་ལས་གཞན། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་དམངས་སེམས་གཅིག་གྱུར་བྱེད་པ། སྤོབས་པ་ཆེ་རུ་བསྐྱེད་པ་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ཏང་ཁག་ཚོགས་པ་སོ་སོ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བཅས་ལ་སྐུལ་སློང་དང་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཏང་ཨུས་བཏོན་པའི་འགྱུར་ལྡོག་བཞིའི་མཚོ་སྔོན་སྐྱོང་བའི་བསམ་ཕྱོགས་གསར་བ་ལྟར། སྔར་ལས་ལྷག་པའི་སྒོ་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་མཐར། དེ་བསྟུན་གྱི་བྱེད་ནུས་མི་དམན་པ་ཞིག་ཐོན་པར་འབད་འབུངས་བྱེད་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱས་པའི་གནད་འགག་གི་ལོ་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། དེ་མིན་ད་དུང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་བྱ་བ་བཟང་པོར་སྒྲུབ་པའི་འགན་འཁྲི་དང་རང་རྟོགས་འདུ་ཤེས་ཇེ་དྲག་ལ་གཏོང་དགོས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་གོ་བ་རྟིང་ཚུགས་པ་ལེན་པ། འགྱུར་ལྡོག་བཞི་ཡར་ལྡན་དུ་སྤེལ་བའི་གོ་རིམ་ཁྲོད་བློ་འདོན་ཇུས་འབུལ་དང་འགན་ནུས་གཙང་ལེན་བྱེད་དགོས། བར་མ་ཆད་པའི་ངང་སྲིད་གྲོས་བྱ་བའི་རྣམ་པ་གསར་སྒྱུར་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་སྔོན་བསུ་བྱེད་དགོས་ཟེར།
མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཝུའུ། མཱ་ཝེ། ཚའོ་ཧུང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཁོང་ཡུང་། ཀའོ་ཧྭ། ཁྲིན་ཅན་ཧྭ། ཝང་ལིས་མེན། ཡང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཏུང་ཁའེ་ཅོན། ཀི་པའེ། ཡང་ཞུང་ཨེ། ལུའུ་ཀོང་ཡུང་། ཚོས་ཁྲང་དབྱིན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད་ཅིང་། བློ་མཐུན་རྒན་པ་ཀྲའོ་ཆི་ཀྲུང་དང་ལིས་ཀྲུང་པའོ་གཉིས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ནས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཐེངས་འདིའི་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།