ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་ཡོད་ཚད་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།
གྲོས་ཚོགས་སུ་ཐོན་དགོས་པའི་འཐུས་མི་སུམ་བརྒྱ་གོ་གཅིག་ཡོད་ཅིང་། དངོས་སུ་འབྱོར་བའི་འཐུས་མི་སུམ་བརྒྱ་དོན་གཅིག་ཡོད་ལ། དེ་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲིན་དང་རིན་ཆེན་རྒྱལ། རྡོ་རྗེ་རབ་བརྟན། ཀྲང་ཀོང་རུང་། མཱ་ཧྲོན་ཆིན། ཝང་ཞའོ་ཡུང་། ཝང་ཞའོ། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད།
མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས།
ཚོགས་ཆེན་སྟེང་དུ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་གདམ་མི་ལ་གྲོས་འཆམ་བྱུང་ནས་། བློ་མཐུན་ཝང་ཞིན་ཕེན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་། བློ་མཐུན་ཀྲིག་ཀོ་ཅན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། བློ་མཐུན་ཞིན་ཞའོ་ཧྥང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རོང་འབྲོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། བློ་མཐུན་ཀྲང་ལན་ཆིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་སུ་བདམས།
གྲོས་ཚོགས་སྟེང་བློ་མཐུན་ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་འགན་ཁུར་མཚམས་འཇོག་པའི་སྐོར་གྱི་རེ་འདུན་དང་ལེན་བྱས་པ་དང་། སྤྱིའི་འདེམས་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོར་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་དུ་བློ་མཐུན་ཝང་གོ་ཧྲིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ཀྲང་ཀོང་རུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས། ཝང་ཅན་ཅོན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།
བདམས་ཐོན་བྱུང་བའི་མི་སྣ་རྣམས་ཀྱིས་ཚང་མར་ཐུག་འཕྲད་བྱས་པ་མ་ཟད་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅས། གྲོས་ཚོགས་སྟེང་དུ་རིམ་བཞིན་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཉིས་སྟོང་བཅུ་དྲུག་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་ཚོགས་ཆེན་གྲོལ་བའི་མཛད་སྒོའི་སྟེང་དུ་གཏན་གལ་ཆེན་བཤད།