ཝང་གོ་ཧྲིན་སོགས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྣམས་ཀྱིས་གཞི་རིམ་ཏང་ཡོན་དང་དཀའ་ཁག་ཆེ་བའི་མང་ཚོགས། སྡེ་བའི་ནང་སྡོད་པའི་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས།
2017.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ། གཞི་རིམ་ཏང་ཡོན་དང་དཀའ་ཁག་ཆེ་བའི་མང་ཚོགས། སྡེ་བའི་ནང་སྡོད་པའི་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས་ཏེ་ལུགས་རྙིང་ལོ་སར་གྱི་ཁ་གཡང་བོས།                                                                                                                                                                                                      

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏན་མ་གྲོང་རྡལ་ཏན་མ་ཤར་སྡེར་སོང་ནས། དེ་གའི་འོན་ལྐུགས་ནད་པ་ཧྲང་ཆིས་པང་གི་འཚོ་བར་རྒྱུས་ལོན་བྱས་རྗེས། སྤྲོ་སྣང་ཡོད་པའི་ངང་འཚོ་བ་རོལ་དགོས་པར་སྐུལ་མ་བྱས། ད་ལོ་ལོ་རེ་གསུམ་ལ་སོན་པའི་སྡེ་མི་ཏན་ཧྲིག་རིན་ལོ་ངོ་སུམ་ཅུའི་རིང་ལ་སྡེ་བའི་ལས་བྱེད་པར་བསྡད་མྱོང་པས། ཝང་གོ་ཧྲིན་གྱིས་ཁོར་ལག་འཇུ་བྱས་ནས། ཏང་ཡོན་རྒན་པ་དང་ཀྲི་པུའུ་ཧྲུའུ་ཅི་རྒན་པས་སྡེ་བའི་འཕེལ་རྒྱས་ལ་བྱས་རྗེས་བཞག་ཡོད་པར་ཏང་དང་སྲིད་གཞུང་གིས་བརྗེད་མི་སྲིད་ཅེས་བཤད། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ། ཝང་གོ་ཧྲིན་གྱིས་སྡེ་དཔོན་ཡིན་པའི་སློབ་ཆེན་སློབ་མ་ཅང་ཀོས་ཧྭ་དང་། ཕུལ་བྱུང་ཏང་སྲིད་བྱ་བ་གཉེར་མཁན་ཡོ་ཞེའོ་མིན་ལ་ལག་འཇུ་བྱས་ཏེ། སྡེ་བའི་སྐར་ལྔ་རིམ་པ་ཅན་གྱི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་དང་། མང་ཚོགས་ཀྱི་བྱ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། སེམས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་མང་ཚོགས་ལ་ཞབས་འདེགས་བྱེད་དགོས་པར་སྐུལ་མ་བཏང་།

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་ན་གོར་མོ་གྲོང་ཁྱེར་ལ་སོང་ནས་འཚམས་འདྲི་བྱས། ཀོ་ལི་མུའུ་ཏི་གྲོང་རྡལ་བདེ་སྐྱིད་གཞིས་ཁུལ་གྱི་དཀའ་ཁག་ཆེ་བའི་ཏང་ཡོན་རྒན་པ་ཟི་རུ་ཀི་ལིན་གྱི་ཁྱིམ་དུ། རྒན་པས་ཁོ་དང་ཁོའི་ཆུང་མ་གཉིས་ཀྱི་སློབ་སྦྱོང་ཟིན་བྲིས་འཁྱེར་ཡོང་ནས་ཧྲིན་ཀྲང་གི་ལག་ཏུ་གཏད་རྗེས། ཟིན་བྲིས་འབྲི་དེབ་གཉིས་ཀྱི་སྟེང་དུ་སོག་ཡིག་གིས་ཏང་གི་སྒྲིག་ཡིག་བྲིས་པ་གྲལ་དག་པོར་མངོན་པ་མཐོང་བས། ཝང་ཅན་ཅོན་གྱིས་སྤྲོ་སེམས་འཁོལ་བའི་ངང་ལོ་ལོན་གཉིས་ཀྱི་བྱེད་ཕྱོགས་ལ་བསྟོད་བསྔགས་བྱས་ཏེ། ཁོ་གཉིས་ཀའི་འབྱུང་འགྱུར་གྱི་འཚོ་བ་རྟག་ཅིང་སྐྱིད་པའི་སྨོན་ལམ་བཏབ།

བསྟུད་མུར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན་དང་མཱ་ཧྲོན་ཆིན། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཀྲང་ཞི་མེན། ཝང་ཡུས་པའོ་བཅས་སྔ་གཞུག་ཏུ་ཡུས་ཧྲུའུ་དང་མདའ་བཞི། གཅན་ཚ། རེབ་གོང་། ཏ་ཐུང་། ཧུའུ་ཀྲུའུ། ཟི་ལིང་སོགས་ས་ཁུལ་ཏུ་སོང་ནས། དབུལ་ཕོངས་ཁྱིམ་ཚང་དང་དཀའ་ངག་ཆེ་བའི་མང་ཚོགས། གཟིགས་སྐྱོང་བྱ་ཡུལ། དབང་བོ་སྐྱོན་ཅན་མི་སྣ། གཞི་རིམ་ལས་བྱེད་པ། དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། དབུལ་ཐར་མཁྲེགས་གཏོར་གྱི་ལས་རྐང་ན་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་། དཀའ་ཁག་ཆེ་བའི་སྡེ་དཔོན་སློབ་ཆེན་སློབ་མ། གཞི་རིམ་ཏང་སྲིད་བྱ་བ་་གཉེར་མཁན་སོགས་ལ་འཚམས་འདྲི་བྱས།

ཡན་ཅིན་ཧེ་དང་ཡང་ཧྥིན་ཁྲོན་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།