མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ནས་གསར་དུ་བསྣན་པའི་ལས་རྐང་བ་ཁྲི་དྲུག་དང་སྟོང་གསུམ་ལ་ལས་སྐྲུན་བསྐྱི་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་བདུན་བཏང་།
2017.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོ་ནི་མཚོ་སྔོན་གྱིས་ཤུགས་ཆེན་པོས་གསར་གཏོད་དང་ལས་སྐྲུན་སྡིངས་ཆ་བསྐྲུན་པའི་ལོ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་སྐྲུན་གསོ་སྤེལ་རྟེན་གཞི་གཏན་འཁེལ་དང་དོ་དམ་སྐབས་འཕྲལ་ལ་བསྟར་བྱེད་ཐབས་ཞེས་པ་གཏན་འབེབས་བཟོས་ནས་བཏོན་ཏེ། དམངས་ཁྲོད་མ་རྩའི་དངུལ་གཏོང་ལས་སྐྲུན་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས་མཐར། ཞིང་ཆེན་ཡོངས་ནས་ཁྱོན་བསྡོམས་རིགས་སོ་སོའི་ལས་སྐྲུན་གསོ་སྤེལ་ར་བ་སོ་བཞི་འཛུགས་སྒྲུབ་བྱས་ཤིང་། དངོས་སུ་གསོ་སྤེལ་ཁེ་ལས་གཉེར་མཁན་སྟོང་གཅིག་དང་བརྒྱད་བརྒྱ་གོ་བདུན་ལ་སླེབས་པ་དང་། གསོ་སྤེལ་ཁེ་ལས་གཉེར་ནས་གྲུབ་ཟིན་པ་སྟོང་གཅིག་དང་དྲུག་ལ་སླེབས། དེས་མི་གྲངས་ཁྲི་གཉིས་དང་སྟོང་ལྔ་ལ་སྣེ་ཁྲིད་བྱས་ཏེ་ལས་སྐྲུན་ལས་ཞུགས་བྱས་ཡོད་ཅིང་། ལས་སྐྲུན་ཐད་བསྐྱི་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་བདུན་བཏང་ནས། མི་གྲངས་སྟོང་བཞི་དང་བཞི་བརྒྱ་ང་གཉིས་རང་སྐྱོར་ལས་སྐྲུན་ཁྲོད་ཞུགས་པར་གཞོགས་འདེགས་བྱས། དུས་མཚུངས་སུ། ཚད་བརྒལ་ཐོན་ནུས་ཁེ་ལས་གཉེར་མཁན་ལས་བཟོ་བའི་བདེ་སྡོད་བྱ་བ་ཧུར་བརྩོན་ཆེན་པོས་བསྒྲུབས་ཤིང་། འདས་པའི་ལོ་གཅིག་གི་ནང་དུ་ལས་བཟོ་བ་བརྒྱ་དང་གྱ་བརྒྱད་ལ་ཁག་བགོས་བདེ་སྡོད་བྱས་པར་མ་ཟད། བཟོ་ལས་ཁེ་ལས་ཀྱི་སྒྲིག་གཞི་སྙོམ་སྒྲིག་ཆེད་དམིགས་སྐོར་གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་དགུ་འབུམ་དགུ་ཁྲི་གསུམ་བྱིན།
青海:把好政策叠加促就业创业
全省城镇新增就业6.3万人发放创业贷款5.67亿元
记者从省人力资源社会保障厅获悉,2016年,我省大力推进创新创业平台建设,制定出台了《青海省创业孵化基地认定和管理暂行办法(试行)》,鼓励民间资本投入创业孵化基地建设,全省已建成各类创业孵化基地和创业孵化园34家,在孵企业及创客1897家,已出孵企业1006家,带动创业就业2.5万人。发放创业贷款5.67亿元,扶持4452人自主创业。同时,积极做好过剩产能企业职工安置工作,年内完成分流安置职工888人,发放工业企业结构调整专项奖补资金5993万元。