ཝང་ཅན་ཅོན་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས།
2017.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

 ཟླ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་སྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་གཏན་འཁེལ་བྱས་ནས། ཞིང་ཆེན་ཏང་ཨུས་དེའི་ཐད་ལ་རེ་བ་བཏོན་པ་དང་། སྲིད་གཞུང་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པར་མ་ཟད། མི་ལ་བརྟེན་ནས་དོན་དག་བསམ་པ་དང་དོན་དག་བསྒྲུབས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་སྐྱེད་སྲིང་བྱེད་པ་དང་མིར་ཡར་སྐུལ་གཏོང་བ། མི་གོང་འཕེལ་དུ་གཏོང་བ་བཅས་བྱས་ཏེ། སྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་དོན་ཐོག་ཏུ་འཁྱོལ་བར་རྒྱབ་རྟེན་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།   

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ན། མིའི་བསམ་བློ་གཏོང་ཐབས་དང་བྱ་སྤྱོད་གོམས་གཤིས་སྒྱུར་བ་བརྒྱུད་དེ། མིག་རྒྱ་དང་བསམ་ཕྱོགས་རྒྱ་བསྐྱེད་པ་དང་། རང་སྟེང་གི་སྟོབས་ཤུགས་སྐུལ་སློང་བྱས་ནས། རིག་གནས་བྱེད་སྟངས་ལ་བརྟེན་ནས་སྒྱུར་དགོས་པ་བཞིའི་ནང་དོན་རྒྱས་བཤད་བྱེད་པ་དང་། འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས་པ་དང་། གཉིས་ནི་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཞན་ས་ཁ་གསབ་བྱེད་པ། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས། གསུམ་ནི་ལས་རིགས་སློབ་གསོ་བཀོད་སྒྲིག་སྒྲིག་གཞི་དང་ཚན་རིག་འཛུགས་སྐྲུན་གྱི་རྣམ་པ་ལེགས་སྒྲིག་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ལས་རིགས་སློབ་གསོ་དེ་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་རྨང་གཞིའི་སྟེང་བཞག་ནས་དར་སྤེལ་བྱེད་དགོས་ལ། ད་ཡོད་ཀྱི་ལས་རིགས་སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་བྱས་ནས། མཚོ་སྔོན་ལས་རིགས་སློབ་གསོ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྒྱུར་དགོས་པ་བཞི་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། བཞི་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས་ཟེར།

ཁྲིན་ལིས་ཧྭ་དང་ཀའོ་ཧྭ། ཧན་ཅན་ཧྭ། དབྱང་ཧྥུན་ཁྲུན་བཅས་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཤེས་ལྡན་མི་སྣའི་རྒྱབ་རྟེན་དང་འགན་སྲུང་ལ་སྔར་ལས་ཤུགས་སྣོན་པའི་ཐད་ལ་བསམ་འཆར་བཤད།