མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2017.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་གཉིས་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་བྱ་བར་སྤྱི་བསྡོམས་བྱས་པར་མ་ཟད། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཚོགས་འདུ་མ་ཚོགས་པའི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཉིས་སྟོང་བཅུ་བདུན་ལོའི་སྲིད་ཁྲིམས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞོ་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཆོན་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀུ་པའོ། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་གཞོན་པ་ལིས་ཞོ་མེན་བཅས་གྲོས་ཚོགས་ལ་ཞུགས།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཧུར་ཐག་དང་རང་འགུལ། སྤོབས་པ་ཆེན་པོས་ཁག་ཁུར་བྱས་པ་དང་། འགན་འཁྲི་དང་ལས་འགན་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་དང་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་གི་བདེ་འཇགས་འགན་སྲུང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་པ་དང་། ཏང་གིས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་པར་སྔར་ལས་ཤུགས་བསྣན་ནས། གནས་བབ་གསར་བའི་འོག་གི་སྲིད་ཁྲིམས་བྱ་བ་བཟང་བོར་བསྒྲུབ་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་འཐབ་ཇུས་གཏན་ཤུགས་ཇེ་ཆེར་གཏོང་བ་དང་བྱ་བའི་འདུ་ཤེས་གསར་སྐྲུན་བྱས་ཏེ། ཕྱོགས་གཅིག་ནས་བདེ་འཇགས་འགན་སྲུང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་མགོ་ཁུངས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་གསལ་བོར་ཤེས་པར་བྱེད་པར་སྔར་ལས་ཡིད་འཇོག་བྱེད་པ་དང་མགོ་ཁུངས་བཅོས་སྐྱོང་ལ་སྔར་ལས་ཡིད་འཇོག་བྱེད་པ། ཉེན་ཁའི་འགོག་སྲུང་ཚོད་འཛིན་ལ་སྔར་ལས་ཡིད་འཇོག་བྱེད་པ། འཐབ་ཇུས་བྱེད་ཐབས་ལ་སྔར་ལས་ཡིད་འཇོག་བྱེད་དགོས་ལ། བདེ་འཇགས་དང་བརྟན་འཇགས་སྤྱི་ཚོགས་གསར་སྐྲུན་བྱེད་པ་དམིགས་འབེན་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་རེ་བ་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་སྒྱུར་དགོས་པ་བཞི་ཡི་ཆུ་ཚད་གསར་བ་ཇེ་མཐོར་གཏོང་དགོས། ངོ་རྒོལ་གཉིས་དང་སྔོན་འགོག་བཞི་ལག་བསྟར་ནན་མོ་བྱེད་པ་གཙོར་བཟུང་ནས་བོད་ཁུལ་གྱི་སྤྱི་ཚོགས་རྒྱུན་མཐུད་འཆམ་མཐུན་ཡོང་བའི་གྲུབ་འབྲས་གསར་བ་བརྩོན་ལེན་བྱེད་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་པ་གཙོར་བཟུང་སྟེ་ཧུར་ཐག་སྒོས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སྒུལ་ཤུགས་སུ་སྒྱུར་ནས་ཁྲིམས་སྐྱོང་ཁྲིམས་འཛིན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས་ཟེར།