ཟླ་གཉིས་པའི་ཚེས་བཅུ་ཉིན་ཏེ་རྒྱ་ལོའི་བཅོ་ལྔའི་སྔ་ཉིན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་བླ་མ། གྲྭ་བཙུན་གྱི་འཐུས་ཚབ། དགོན་པར་སྡོད་པའི་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱེད་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།
ཧོང་ཀྲུང་རྫོང་དང་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ལོ་མང་པོའི་ཚུན་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་འོག་དང་། ཧོང་ཀྲུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཤུགས་ཡོད་མགོ་ཁྲིད་དང་སྐུལ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་ཞིབ་མོའི་འོག སྐུ་འབུམ་དགོན་པའི་རྒྱ་ལོའི་བཅོ་ལྔའི་མེ་ཏོག་མཆོད་མཇལ་དེ་སྲོལ་རྒྱུན་གྱི་ཆོས་ལུགས་བྱ་འགུལ་ནས་སྤྱི་ཚོགས་རང་བཞིན་དང་དམངས་ཁྲོད་རང་བཞིན། མང་ཚོགས་རང་བཞིན་ལྡན་པའི་དུས་ཆེན་བྱ་འགུལ་དུ་གྱུར་བ་དང་། དེ་ནི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་མཐུན་པར་སྣེ་ཁྲིད་བྱེད་པའི་བྱེ་བྲག་གི་མཚོན་རྟགས་ཡིན། སྐུ་འབུམ་དགོན་པ་ནི་བོད་རྒྱུད་ནང་བསྟན་གྱི་དགོན་ཆེན་ཡིན་པ་དང་། བོད་རྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཁྲོད་ཤེན་ཤུགས་གལ་ཆེན་ལྡན་པས། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ཏང་གི་མགོ་ཁྲིད་ལ་གཏན་ནས་བརྩི་བཀུར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། བོད་རྒྱུད་ནང་བསྟན་གྱི་ཆོས་ཀྱི་སྙིང་པོ་བསྒྱུད་སྒྲོག་བྱེད་དགོས་ཟེར། ཁོས་ད་དུང་སྐུ་འབུམ་དགོན་པས་རྒྱུན་མ་ཆད་པར་དགོན་སྡེ་དོ་དམ་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། གྲྭ་བཙུན་རྣམས་ལ་སློབ་གསོ་གཏོང་བ་དང་། སྣེ་ཁྲིད་དང་སྐྱེད་སྲིང་བཟང་བོ་བྱས་ནས། ཧུར་ཐག་གིས་སྐུ་འབུམ་དགོན་པ་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་དང་ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ནང་བསྟན་དགོན་པའི་མིག་དཔེ་རུ་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་བཏོན།
མགོན་པོ་བཀྲ་ཤིས་སོགས་ཀྱིས་མེ་ཏོག་མཆོད་པ་བཞེངས་པ་དང་འགྲེམ་སྟོན་བྱེད་པའི་གནས་ཚུལ་ལ་བལྟས་པ་མ་ཟད། མེ་ཏོག་མཆོད་མཇལ་སྐབས་ཀྱི་འགྲིམ་འགྲུལ་དང་བདེ་འཇགས་སྲུང་སྐྱོབ། མེ་གསོད་སོགས་ཀྱི་བྱ་བར་རྒྱུས་ལོན་གསལ་བོ་བྱས།