ཉེ་ལམ། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གིས་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་འཕེལ་རྒྱས་སྙན་ཞུ ཁྱབ་བསྒྲགས་བྱས་ཤིང་། ཁྱབ་བསྒྲགས་ལས་གསལ་བ་ལྟར་ན། མཚོ་སྔོན་ནི་རྒྱལ་ནང་གི་ལོ་སྔོན་མ་ལས་ཡུལ་སྐོར་བྱེད་གྲངས་འཕེལ་བ་ཆེས་མགྱོགས་པའི་ཡུལ་སྐོར་བྱེད་སར་གྱུར།
ཉིས་སྟོང་བཅུ་དྲུག་ལོར། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་སྣེ་ལེན་བྱས་གྲངས་དང་། སྤྱིའི་ཡོང་སྒོ་གཉིས་གྲངས་གནས་གཉིས་ཀྱིས་འཕར་སྣོན་བྱུང་བ་དང་། ན་ནིང་ལོ་ཧྲིལ་བོར། མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་དྲུག་སྟོང་དགུ་ཉིས་བརྒྱ་སྣེ་ལེན་བྱས་ཤིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་གསུམ་གྱིས་ཇེ་མང་དུ་འཕེལ་བ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཅིག་ལྷག་མངོན་འགྱུར་བྱས་ཏེ། ཐོག་དང་པོར་ཐེར་ཆེན་གསུམ་ལས་བརྒལ་ནས། ལོ་སྔོན་མ་ལས་བརྒྱ་ཆའི་ཉེར་ལྔ་དང་གྲངས་ཆུང་གཅིག་ལྷག་འཕར་སྣོན་བྱུང་། རྒྱལ་ནང་དུ། བརྒྱ་ཆའི་བཅོ་ལྔའི་ཡན་བསྟུད་མུར་འཕར་སྣོན་བྱུང་བ་འདི་འདྲ་ཧ་ཅང་མཐོང་དཀོན་པོ་རེད།
ཉེ་བའི་ལོ་འདི་དག་རིང་གི་མཚོ་སྔོན་ཡུལ་སྐོར་བསྡོམས་རྩིས་གཞི་འཛིན་གྲངས་ཀ་ཆེན་མོ་ལས་གསལ་བ་ལྟར་ན། མཚོ་སྔོན་གྱི་ཡུལ་སྐོར་བརྒྱ་ཆའི་ཉི་ཤུའི་གཡས་གཡོན་དུ་བརྟན་འཇགས་སྒོས་འཕར་སྣོན་བྱུང་བ་འདི་འདྲ་ནི་ཧ་ཅང་མཐོང་དཀོན་པོ་རེད།
ཨ་ལེ་པ་པས་འདོན་སྤྲོད་བྱས་པའི་གཞི་འཛིན་གྲངས་ཀ་ལྟར་ན། མཚོ་སྔོན་གྱི་ལོ་རབས་བདུན་ཅུའི་རྗེས་དང་ལོ་རབས་བརྒྱད་ཅུའི་རྗེས་ནས་སྐྱེས་པའི་མི་རྣམས་ཕྱི་ཕྱོགས་ཡུལ་སྐོར་གྱི་གཙོ་ཤུགས་ལྟ་བུར་གྱུར་ཡོད་ཅིང་། ལོ་རབས་དགུ་བཅུའི་རྗེས་ནས་སྐྱེས་པའི་མི་ཕྱི་ཕྱོགས་སུ་ཡུལ་སྐོར་ལ་འགྲོ་ཚད་ཀྱང་བསྟུད་མུར་ཇེ་མང་དུ་འཕར་བཞིན་ཡོད།
རྒྱལ་ནང་གི་ཆེད་མཁས་པས་སྔོན་དཔག་བྱས་པ་ལྟར་ན། མཚོ་སྔོན་སོགས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ནི་མ་འོངས་པའི་ཡུལ་སྐོར་འཛད་སྤྱོད་བྱེད་གནས་ཆེན་མོ་རུ་འགྱུར་རྒྱུ་རེད། ཉིས་སྟོང་བཅུ་དྲུག་ལོར་མཚོན་ན། མཚོ་སྔོན་དང་ཞིན་ཅང་། ཀན་སུའུ། སི་ཁྲོན། ཉིན་ཞ་སོགས་ནུབ་རྒྱུད་ས་ཁུལ་དག་ནི་ཡུལ་སྐོར་མི་གྲངས་འཕེལ་ཚད་ཆེས་མགྱོགས་པའི་དམིགས་སར་གྱུར་ཡོད་པ་དང། མཚོ་སྔོན་ནི་རྒྱལ་ནང་གི་ཉིས་སྟོང་བཅུ་དྲུག་ལོའི་ཡུལ་སྐོར་བྱེད་གྲངས་འཕེལ་བ་ཆེས་མགྱོགས་པའི་དམིགས་སར་གྱུར།