ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་ལེགས་པོ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཆབ་སྲིད་བརྩི་དགོས་པར་གདམས་པའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་ཉར་ནས། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ཏེ། དགོངས་དོན་རྣལ་མ་ཡང་དག་པའི་སྒོ་ནས་ཡིད་ལ་འདྲོངས་པར་བྱེད་དགོས་ཤིང་། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་རྩ་བའི་འཛུགས་སྐྲུན་ཏུ་འཛིན་པ་དང་། ཆབ་སྲིད་ཀྱི་བྱེད་ནུས་མཐོར་འདེགས་གཏོང་རྒྱུ་ཐོག་མའི་བྱེད་ནུས་སུ་བརྩིས་ཏེ། བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། ཆབ་སྲིད་ནི་སྤྱི་ཁྱབ་བཀོད་འདོམས་པ་དང་རྣམ་ཤེས། ཚེ་སྲོག་ལྟ་བུ་ཡིན། ཆབ་སྲིད་བརྩི་བའི་ལས་དོན་ནི་ཏང་གི་མདུན་ལམ་དང་ལས་དབང་། ཤི་གསོན་བཅས་དང་འབྲེལ་བ་དམ་ཟབ་ཡོད། མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་སྤྱོད་པ་ཚུལ་བཞིན་གནས་པའི་སྒོ་ནས་ཆབ་སྲིད་ལ་བརྩི་མཐོང་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས། ཆབ་སྲིད་ལ་བརྩི་འཇོག་བྱེད་རྒྱུ་ནི་ལྐོག་གྱུར་ཞིག་མ་ཡིན་པར་དངོས་ཡོད་བྱེ་བྲག་གི་དོན་ཞིག་ཡིན། ཆབ་སྲིད་ལ་བརྩི་མཐོང་བྱེད་པར་ཅིས་ཀྱང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་སྒོ་ནས་འདེགས་སྐྱོར་བྱེད་དགོས། ཏང་ལ་བློ་དཀར་བ་དང་བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབལ་ཟིལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་བླ་ན་མཐོ་བའི་ཆབ་སྲིད་ཏུ་བལྟ་དགོས། གཞུང་ལུགས་ཀྱི་ཟུར་བརྒྱན་ཐབས་ལ་ཤུགས་བསྣན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཁྱད་པར་དུ་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། བར་མ་ཆད་པའི་ངང་ཚད་གཞི་དང་སྲོལ་ཡིག་གཉིས་དངོས་འབེབས་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་ནས། སློབ་སྦྱོང་བྱས་པའི་དོན་སྒོ་རང་རྒྱུད་ནས་སྨིན་པར་བྱེད་ཐུབ་དགོས་ཟེར།
ཚོགས་ཐོག་ནས་རྒྱལ་ཁབ་བདེ་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་གང་ལེགས་བྱས། གྲོས་ཚོགས་ལས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མཚོ་སྔོན་གྱི་བྱ་བའི་འོས་འགན་གཙོ་བོ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་བྱ་བའི་ཉེན་ཚབས་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ཇེ་རྒྱས་ཇེ་དྲག་ཏུ་བཏང་ཐོག ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བྱ་བའི་བྱེད་ཕྱོགས་བཟང་བོའི་ངོས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་རང་དབང་ནུས་པ་སེམས་ལ་བརྟན་པོར་ཉར་དགོས། རྒྱལ་ཁབ་བདེ་འཇགས་སྤྱིའི་ལྟ་བར་གོ་བ་རྟིང་ཚུགས་པ་དང་གོ་བ་ཁྱོན་ཆེ་བ་བླངས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་བགྲོད་ལམ་སྟེང་བསྐྱོད་དགོས་ཤིང་། མཚོ་སྔོན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས། དྲ་རྒྱ་སོགས་ཁྱབ་ཁོངས་སོ་སོའི་བདེ་འཇགས་བྱ་བར་གཅིག་གྱུར་བཀོད་སྒྲིག་དང་འཆར་འགོད་བཟང་བོ་བྱས་མཐར། ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་བྱ་བ་ཡར་ལྡན་དུ་སྤེལ་དགོས་ཟེར།
གྲོས་ཚོགས་ལས་ཉིས་སྟོང་བཅུ་དྲུག་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འོས་འགན་ལམ་ལུགས་ལ་ཞིབ་བཤེར་དཔྱད་ཞིབ་བྱས་པའི་གནས་ཚུལ་སྙན་ཞུར་ཉན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་གསར་བ་ལྟར། མ་ལག་རང་བཞིན་གྱི་སྒོ་ནས་བསལ་གསེད་འདོར་ལེན་དང་། ནན་ཏན་སྒོས་ཉེ་བའི་ལོ་འདི་དག་རིང་གི་ཞིང་ཆེན་ཡོངས་ཀྱི་ཞིབ་བཤེར་དཔྱད་ཞིབ་གནས་ཚུལ་ལ་ཞིབ་འཇུག་གནད་སྨིན་བྱས་ཏེ། ཉམས་མྱོང་ལ་སྤྱི་སྡོམ་དང་ཧེ་བག་བཙལ་ནས་རྙེད་པར་བྱེད་པ། ཞན་ཆ་དང་མི་འདང་ས་དུས་ལྟར་གསབ་པ་བཅས་བྱས་མཐར། སྔར་ལས་ལྷག་པའི་སྒོ་ནས་དཔྱད་ཞིབ་ཀྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཞིབ་བཤེར་དཔྱད་ཞིབ་བྱ་བས་ངེས་པར་དུ་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་སེམས་སྒྲར་གཟབ་ཉན་བྱས་ཏེ། མང་ཚོགས་ཀྱི་མྱོང་བ་ངོ་མ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་བདེན་དངོས་གདེང་འཇོག་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། གནད་འགག་ཉུང་ཤོས་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱ་བ་ཇེ་དྲག་ཏུ་གཏོང་བར་སེམས་ཤུགས་གཅིག་བསྡུས་བྱས་ཏེ། ཏང་ཨུའི་འགན་ཁུར་མི་སྣ་གཙོ་བོས་རང་འགན་ཕྲག་སྟེང་དུ་ལེན་ཕོད་པའི་ངོས་ནས། ཁ་ཕྱོགས་བཟང་བོ་བདམས་པ་དང་མགོ་ཁྲིད་ཚན་ཁག་གི་བྱ་བ་གནད་སར་འཛིན་པ། དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བཅས་བྱེད་དགོས། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་ལས་རྐང་གཅིག་གི་སྟེང་ནས་འགན་འཁྲི་གཉིས་བསྒྲུབ་པ་ལག་བསྟར་དང་། སྔར་ལས་ལྷག་པའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་དང་གནད་དོན་རྩད་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ནས། གནད་དོན་ལེགས་སྒྲིག་བྱ་བ་དང་ཞིབ་ཕྲའི་བྱ་བ་དམ་འཛིན་བྱེད་པ་དང་ལམ་ལུགས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འགན་འཁྲི་གཉིས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཞེས་བསྟན། གྲོས་ཚོགས་ལས་གཞི་རིམ་ལས་བྱེད་པའི་ལུས་སེམས་བདེ་ཐང་སྐོར་ལ་དོ་ཁུར་བྱེད་པའི་བྱེད་ཐབས་དུ་མ་ཞེས་པར་གྲོས་མོལ་བརྒྱུད་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།