ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་སོགས་ཞིང་ཆནེ་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། བློ་མཐུན་ཁོང་ཡུང་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཇི་ལྟར་བྱས་ཏེ་མཚོ་སྔོན་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཁྲོད་སིམ་འདྲེས་ཡོང་ཐབས་སྐོར་ནས་ཟུར་ཁྲིད་སྙན་ཞུ་ཕུལ།
ཐེན་ཅིན་ཁྲིན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་གོ་བ་ག་འདྲ་ལེན་དགོས་པ་དང་། མཚོ་སྔོན་འདི་ཉིད་རྒྱལ་ཁབ་འཐབ་ཇུས་ཁྲོད་འདྲེས་སྦྱོར་བྱེད་པའི་ཆོས་ཉིད་དང་ཆ་རྐྱེན་སོགས་ག་འདྲ་ཞིག་ཡིན་པ། རྒྱལ་ཁབ་འཐབ་ཇུས་ཀྱི་ཁྲོད་མཚོ་སྔོན་འདྲེས་པར་བྱེད་པའི་ཕྱོགས་གསུམ་ལ་གདམ་ཀ་ཇི་ལྟར་བྱེད་པ་བཅས་ཀྱི་སྐོར་ནས། མ་ལག་རང་བཞིན་གསལ་བའི་སྒོ་ནས་སྒྲོག་འགྲེལ་དང་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས།
ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བཞེད་རྒྱུར། བློ་མཐུན་ཐེན་ཅིན་ཁྲིན་གྱི་ཟུར་ཁྲིད་སྙན་ཞུར་ཁ་གཏོད་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་དྲག་པོ་བཅས་ལྡན་པར་མ་ཟད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་དགོས་པ་བཞི་ལ་སློབ་སྦྱོང་གོ་བ་ཡང་དག་ལེན་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པར་ཕན་པ་ཆེན་པོ་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ས་གནས་འཕེལ་རྒྱས་འཐབ་ཇུས་ནས་རྒྱལ་ཁབ་འཐབ་ཇུས་ཁྲོད་སིམ་འདྲེས་ཡོང་བར་ཞིབ་འཇུག་གནད་སྨིན་བྱེད་པར་གོ་བ་ཡང་དག་ལེན་པ་ལའང་ཕན་པ་རྒྱ་ཆེན་པོ་ལྡན་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།