མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་རོགས་སྐྱོབ་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་གཅིག་མར་བྱིན།
2017.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས2016ལོའི་སྐོར་དང་པོའི་སྨན་བཅོས་རོགས་སྐྱོབ་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་གཅིག་མར་བྱིན། རྒྱུས་ལོན་པ་ལྟར་ན། ཁ་གསབ་རོགས་སྐྱོབ་གྲོན་དངུལ་དེ་དག་གིས་ས་གནས་སོ་སོའི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ནས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་ནུས་ཡོད་ཀྱིས་འགན་སྲུང་བྱེད་རྒྱུ་རེད།

ན་ནིང་། མཚོ་སྔོན་ཞིང་ཆེན་གྱིས«སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ»གཏན་འབེབས་བྱས་ནས་བཀྲམ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་རོགས་སྐྱོབ་ཀྱི་ཁེབས་ཚད་རྒྱ་བསྐྱེད་ནས་སྨན་བཅོས་རོགས་སྐྱོབ་ཚད་གཞི་ཇེ་མཐོར་བཏང་བ་མ་ཟད། ཞིང་ཆེན་ཡོངས་ནས་ནད་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཙུགས། རྒྱུས་ལོན་པ་ལྟར་ན། སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དེས། སྔར་ལས་ལྷག་པའི་སྒོ་ནས་དམངས་ཚིས་བདེ་འཇགས་དྲ་རྒྱ་བཙུགས་ཤིང་། མང་ཚོགས་ཀྱིས་ནད་སྟོན་སྨན་བཅོས་བྱེད་པའི་འགན་ཁུར་ཇེ་ཡང་དུ་བཏང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་གནས་སོ་སོས་མཁར་གྲོང་སྨན་བཅོས་རོགས་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འཁེལ་ལྟར་སྨན་བཅོས་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་ནས་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་ལ་དུས་ཐོག་ཏུ་རོགས་སྐྱོབ་ཐོབ་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ། ས་གནས་སོ་སོས«མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་སྨན་བཅོས་རོགས་སྐྱོབ་ཐེབས་རྩ་མ་དངུལ་དོ་དམ་བྱེད་ཐབས»གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། གཏན་འཁེལ་ལྟར་ས་གནས་སྒྲིག་གཞི་མ་དངུལ་དངོས་འབེབས་བྱེད་པ། སྲིད་ཇུས་གསོ་སྦྱོང་དང་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་བཏང་ནས་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པར་འགན་སྲུང་བྱས།