ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་ལ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་ཟབ་མོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་དམ་པོར་ཉར་ནས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་རང་རྒྱུད་ལ་བཅངས་ཏེ། མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཤིང་། རིགས་སོ་སོའི་མང་ཚོགས་ཚོགས་པས་ཏང་གི་དར་ཆའི་འོག་ཏུ་རྡོག་རྩ་གཅིག་སྒྲིལ་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཕན་པའི་སྟོབས་ལྡན་གྱི་སྒུལ་ཤུགས་རྫོགས་མེད་གཅིག་བསྡུ་བྱེད་དགོས་ཟེར།
ཝང་ཧྭ་ཅེ་དང་ཀྲང་ལིས། ཡུག་ཝེ་ལིས། ཀའོ་ཡུང་ཡུན། ཁྲང་ཝེ་ཉིན་སོགས་ཀྱིས་རང་སོ་སོའི་བྱ་བ་དངོས་དང་སྤྲེལ་ནས། བསམ་ཕྱོགས་དང་གནད་དོན། བཅོས་སྒྱུར་བཅས་ཀྱི་སྐོར་གླེང་། ཝང་གོ་ཧྲིན་གྱིས་མང་ཚོགས་ཚོགས་པའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་རིམ་ཁག་སོ་སོ་བཟང་བོར་བསྒྲུབ་དགོས་པའི་ཐད་ནས་ཚང་མ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས། ཝང་གོ་ཧྲིན་གྱིས་ལས་ཁུངས་ཅན་དང་སྲིད་འཛིན་ཅན། སྐུ་དྲག་ཅན། རོལ་རྩེད་ཅན་བཅས་ཀྱི་གནད་དོན་ཐག་བཅད་པ་ཡིན་ན་ཕན་འབྲས་ག་འདྲ་ལོན་ཐུབ་མིན་དང་། ཇི་ལྟར་བྱས་ཏེ་མང་ཚོགས་ཀྱི་འབྲེལ་ལམ་ཆེ་རུ་བསྐྱེད་པ། ཇི་ལྟར་བྱས་ནས་བསྒྱུར་དགོས་པ་བཞི་དང་མང་ཚོགས་ཚོགས་པའི་བྱ་བ་ཡི་སྦྲེལ་མཚམས་མ་ནོར་མ་འཆུག་པའི་ངང་བཙལ་ནས་རྙེད་པར་བྱེད་པ། མང་ཚོགས་ཚོགས་པའི་ལས་བྱེད་པ་ཡི་གཞི་རྩའི་ནུས་པ་ལ་གང་དག་ཡོད་པ་བཅས་ཀྱི་དྲི་བ་མང་པོ་རིམ་པར་བཏོན་པ་ན། ཀུན་གྱིས་བསམ་ཚུལ་སྦ་གསང་མེད་པར་ལྷུག་པོར་བཤད་དེ། ནན་ཏན་ཆེ་ལ་འཁྲུག་ཆ་དོད་པའི་གྲོས་སྡུར་ཡག་པོ་ཞིག་བྱས།
ཝང་གོ་ཧྲིན་གྱིས་མཚོ་སྔོན་གྱི་མང་ཚོགས་ཚོགས་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་བསྟན་དོན། མང་ཚོགས་ཚོགས་པའི་བྱ་བར་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་ཟབ་མོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་དམ་པོར་ཉར་ནས། ནན་ཏན་སྒོས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། ཆབ་སྲིད་བརྩི་བའི་མཐོ་ཚད་ནས་འགྲེང་སྟེ་མང་ཚོགས་ཚོགས་པའི་ལས་དོན་གྱི་གལ་ཆེན་རང་བཞིན་གསལ་པོར་ཤེས་དགོས། ཏང་གིས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བར་མ་ཆད་པའི་ངང་ཏང་གི་སྲིད་འཛིན་རྨང་གཞི་དང་མང་ཚོགས་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས། མང་ཚོགས་ཚོགས་པའི་བྱ་བར་འཆར་འགོད་བྱེད་རྒྱུ་བྱ་བའི་དཀྱིལ་སྙིང་དུ་བཟུང་ནས། བསྒྱུར་དགོས་པ་བཞི་དང་མང་ཚོགས་ཚོགས་པའི་ལས་དོན་གྱི་སྦྲེལ་མཚམས་མ་ནོར་མ་འཆུག་པའི་ངང་འཚོལ་དགོས། མང་ཚོགས་ཚོགས་པའི་བྱ་བར་དགའ་ཞེན་ཡོད་དགོས་པ་དང་། བརྩེ་དུང་ཟབ་མོ་བཅངས་ནས། གཞི་རིམ་མང་ཚོགས་ལ་ཟབ་ཞུགས་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལེགས་པོར་བསྒྲུབ་པ་བརྒྱུད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལག་ལེན་པ་རྣལ་མ་རུ་འགྱུར་བར་འབད་དགོས། སློབ་སྦྱོང་ལ་བརྩོན་ནུས་པ་དང་གསར་གཏོད་བྱེད་མཁས་པ། བཅོས་སྒྱུར་བྱེད་ཕོད་པ་བཅས་ལ་འབད་དེ། སྔར་ལས་ལྷག་པའི་སྒོ་ནས་དུས་སྐབས་གསར་བའི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཆོས་ཉིད་ལ་གོ་བ་ཡང་དག་ལེན་པ་དང་། བྱེད་ཐབས་གསར་བ་དང་འདེགས་སྐྱོར་གསར་བ། བརྒྱུད་ལམ་གསར་བ། ལམ་ཁ་གསར་བ་བཅས་ལ་འཚོལ་དཔྱོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྐད་སྒྲ་བརྒྱུད་སྒྲོག་བྱེད་དགོས་པ་དང་། ཧུར་བརྩོན་ཆེན་པོས་མང་ཚོགས་ཚོགས་པའི་བྱ་བ་སྔར་ལས་ཕན་འབྲས་ལྡན་པའི་ངང་སྤེལ་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།
མཱ་ཧྲོན་ཆིན་དང་ཝང་ཡུས་པའོ་གཉིས་ཐེངས་འདིའི་རྟོག་ཞིབ་བྱ་བར་ཞུགས།