ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། འབྱོར་མེད་གྲལ་རིམ་གསར་བརྗེ་ལས་དོན་གྱི་བློ་དཀར་འཐབ་མོ་བ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྔོན་ཆད་ཀྱི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན། ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་མཱ་ཝན་ལིས་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཅུ་དྲུག་གི་སྟེང་ཟི་ལིང་ནས་ཚེ་ལས་འདས་པ་དང་། དགུང་ལོ་གོ་བརྒྱད་རེད། ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། བློ་མཐུན་མཱ་ཝན་ལིས་ལ་མྱ་ངན་ཞུ་བའི་མཛད་སྒོ་ཟི་ལིང་པུར་ཁང་ནས་སྤེལ།
བློ་མཐུན་མཱ་ཝན་ལིས་ཚེ་ལས་འདས་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆེད་དུ་གློག་འཕྲིན་བཏང་ནས་བློ་མཐུན་ཁོང་ཚེ་ལས་འདས་པར་མྱ་ངན་ཞུས་པར་མ་ཟད། ཉེ་འབྲེལ་ཡོངས་ལ་འཚམས་འདྲི་བྱས་ནས་མེ་ཏོག་གི་ཕྲེང་བ་ཕུལ། ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ལིས་ཡོན་ཁྲའོ། ཀྲའོ་ལི་ཅི། ཧུའུ་ཅིན་ཐའོ། ལིས་ཕིན། ཀྲུའུ་རོང་ཅི། ཝུན་ཅ་པའོ། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ཡང་ཅིན། གོ་ཧྲིན་ཁུན། མ་ཕེ་ཧྭ་སོགས་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་མྱ་ངན་ཞུས་ཏེ་མེ་ཏོག་གི་ཕྲེང་བ་ཕུལ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཀྱང་རྣམ་པ་མི་འདྲ་བའི་སྒོ་ནས་བློ་མཐུན་མཱ་ཝན་ལིས་ཚེ་ལས་འདས་པར་མྱ་ངན་ཞུས་པ་དང་འཚམས་འདྲི་ཞུས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་བློ་མཐུན་མཱ་ཝན་ལིས་ཀྱི་ངོ་མཚར་བའི་མི་ཚེའི་བྱུང་བ་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མྱ་ངན་ཞུ་བའི་མཛད་སྒོར་མགོ་འཛིན་བྱས།
ཝང་གོ་ཧྲིན་གྱིས་བཤད་རྒྱུར། ང་ཚོས་ངེས་པར་དུ་བློ་མཐུན་མཱ་ཝན་ལིས་མཆོག་གི་ཐོག་མའི་སེམས་འདུན་མི་བརྗེད་པར་འབད་འཐབ་ལྷོད་མེད་བྱེད་པའི་སྤྱོད་པ་དང་། མི་ཚེ་གང་བོར་གསར་བརྗེའི་བདེན་པ་བཙལ་བའི་ཆོད་སེམས་བརྟན་པོར་སློབ་སྦྱོང་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་བླ་མེད་ཕུགས་བསམ་དང་དད་པ་བརྟན་པོ་རང་རྒྱུད་ལ་ཉར་དགོས། ང་ཚོས་བློ་མཐུན་མཱ་ཝན་ལིས་མཆོག་ལ་སློབ་སྦྱོང་བྱས་ཏེ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་རྦད་ཆོད་བྱེད་དགོས་ཤིང་། བར་མ་ཆད་པའི་ངང་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྲ་བརྟན་དུ་གཏོང་དགོས། ང་ཚོས་བློ་མཐུན་མཱ་ཝན་ལིས་མཆོག་ལ་སློབ་སྦྱོང་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ལ་དགའ་ཞེན་ཆེ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་དགའ་ཞེན་ཡོད་པ། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པ། བྱས་རྗེས་འཇོག་ཕོད་པ། བློ་སེམས་རྩེ་གཅིག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་ཕོད་པ་བཅས་ཀྱི་བསམ་བློ་རང་རྒྱུད་ལ་ལེན་དགོས། ང་ཚོས་བློ་མཐུན་མཱ་ཝན་ལིས་མཆོག་ལ་སློབ་སྦྱོང་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་བསམ་བློའི་གོ་རྟོགས་མཐོན་པོ་བཅངས་དགོས་པ་དང་། གཞུང་སྒེར་གྱི་འགལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་ལ་བསྟར་བར་སྣེ་ཁྲིད་དེ། ཧུར་བརྩོན་ཆེན་པོས་སྤྱོད་ཡག་བབ་གཙང་གི་སྲོལ་རྒྱུན་བཟང་བོ་འཚོལ་སྙེག་བྱེད་དགོས། ཐོག་མཐའ་བར་གསུན་ཀུན་ཏུ་གུང་ཁྲན་ཏང་ཡོན་གྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་བློ་མཐུན་མཱ་ཝན་ལིས་མཆོག་ལ་སློབ་སྦྱོང་བྱས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་དང་ཚན་རིག་གི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་རྒྱུན་ཆད་མེད་པར་བྱེད་དགོས་ཤིང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་པ་དང་། བློ་རྩ་བརྟན་པོའི་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བཟང་བོ་བྱེད་དགོས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པ་དང་། བསྒྱུར་དགོས་པ་བཞི་ཡར་ལྡན་དུ་སྤེལ་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་སྐྲུན་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།
ཞིང་ཆེན་རིམ་པའི་མགོ་ཁྲིད་ཚན་ཁག་སོ་སོ་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་མགོ་ཁྲིད་རྒན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་ཏང་ཨུ། དམངས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགན་ཁུར་བློ་མཐུན། བློ་མཐུན་མཱ་ཝན་ལིས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་རྣམས་ཐེངས་འདིའི་མྱ་ངན་ཞུ་བའི་མཛད་སྒོར་ཞུགས།
བློ་མཐུན་མཱ་ཝན་ལིས་མཆོག་སྙུང་གཞིས་མནར་བའི་སྐབས་དང་ཚེ་ལས་འདས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་སོགས་སྡེ་ཁག་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་རྣམས་སྨན་ཁང་དུ་སོང་ནས་འཚམས་འདྲི་ཞུས་པ་དང་། ཁྱིམ་དུ་སོང་ནས་མྱ་ངན་སེམས་གསོ་དང་བྱེད་ཐབས་གཞན་པའི་ལམ་ནས་ནང་མི་ཉེ་འབྲེལ་ལ་འཚམས་འདྲི་ཞུས། གློག་འཕྲིན་བཏང་ནས་མྱ་ངན་སེམས་གསོ་ཞུ་མཁན་དང་མེ་ཏོག་ཕྲེང་བ་འབུལ་མཁན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན། ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིག་ཆིན་ཅན་དང་ཧྲིན་ཀྲང་ཧུའུ་ཧི་ཕེན། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་སན་ཡོན་དང་ཧྲིན་ཀྲང་ལིན་ཏོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན་དང་ཀྲང་ཀོང་རུང་། མ་ཧྲོན་ཆིན། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཞིང་ཆེན་དམག་ཁུལ་གྱི་སྲིད་ཨུ་ལིས་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། མ་ཝེ། ཚའོ་ཧུང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་ཁྲིན་ལིས་ཧྭ། ཁོང་ཡུང་། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། ཡང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིན་གཞོན་པ་ཝང་ཞའོ་ཆིན་དང་ལའོ་ཁྲའོ་ཡང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། མ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་པད། མགོ་ཁྲིད་རྒན་པ་སངས་རྒྱས་སྐྱབས་དང་། པདྨ། ལཱ་པེན་ལིས། ཡའོ་ཞང་ཁྲིན། མཱ་ཧྥུའུ་ཧེ། གཡང་མོ་རྒྱལ། མཱ་ཧྲི་ཆིན། སུན་ཀྲའོ་རན། ལིས་མེན་ཅིན། སྐལ་བཟང་རྡོ་རྗེ། ཝང་ཨིན་ཁི། བློ་བཟང་། ཀོན་ལེ། སུང་ཕིན་ཧྲིན། ཝུན་ལིན། ཀྲང་ཡུས་ལིན། ཀའོ་ཡུང་ཧུང་། ཀྲའོ་ཡུང་ཀྲུང་། ལིས་ཡུས་ལན། ཅ་གོ་མེན། ལིག་ཞའོ། སངས་རྒྱས། ཧྲིན་ཧི། གོ་རུའུ་ཀྲོ། ལིག་ཁྲོན་ཡའོ། ཚའེ་ཅུའུ་ལི། ཀྲའོ་ཆི་ཀྲུང་། ཞུན་ཞིན་ཚེ། དཀོན་མཆོག མཱ་ཅིན་ཞའོ། ཝང་ཞའོ་ཡུས། རིན་ཀྲིན་ཡུས། ཡེའོ་ཧྲི་ཧྲུའུ། ཟི་ན། ལིག་ཀོང་ཀྲུང་། ཕུའུ་ཝུན་ཁྲིན། ཁྲིན་རོས་ཀྲིན། ལིས་ཀྲུང་པའོ། ཧན་ཡུས་ཀོས། ཁྲིན་ཙི་ཆོན། མཱ་ཡུག་གུང་སོགས་དང་། སྔོན་ཆད་མཚོ་སྔོན་ནས་བྱ་བ་བསྒྲུབས་མྱོང་བའི་མགོ་ཁྲིད་བློ་མཐུན་ལེང་པུའུ་ཐིན་དང་ཐེན་ཁྲིན་ཕེན། ཆང་ཝེ། ལོ་ཧོས་ཉིན། དབྱང་ཁྲོན་ཐང་། སུང་ཞིག་ཡན། ཀྲང་དབྱི་ཅོང་། ལིག་ཝེ་ཕེན། ཧའོ་ཕིན། མཱ་ཅན་ཐང་། ཆུའུ་ཆིན་ཧྲན། ཧྥིན་མེན་ཀང་། ཐེན་ཡོན། ཆི་ཡུས། ལིས་ཅིན་ཁྲིན། ཝང་ཆིན་ཧྥིན། ལིས་ཕིན་ཞིན། ཝང་ལིན་ཅོན། ཞུའུ་ཧྥུའུ་ཧྲུན། ལོ་ཡུས་ལིན། ཅི་ཏིས་མ་ཅ། བསྟན་ཁོ། ཀྲང་ཅན་མེན་སོགས་ཡོད། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། གྲོང་ཁྱེར་དང་ཁུལ་ཏང་ཨུ། དམངས་ཆེན། སྲིད་གཞུང་། སྲིད་གྲོས། བློ་མཐུན་མཱ་ཝན་ལིས་ཀྱི་མཛའ་གྲོགས་བཅས་ཀྱིས་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་མ་ཟད་མེ་ཏོག་གི་ཕྲེང་བ་ཕུལ།