མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ནང་ཁུལ་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2017.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ནང་ཁུལ་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཏང་ནང་ཁུལ་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་བྱ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཝང་ཡུས་པའོ་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

ཝང་གོ་ཧྲིན་གྱིས་བྱ་བར་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ལམ་ལུགས་ལྟར་ཏང་བཅོས་སྐྱོང་བྱེད་པ། ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་དང་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཏེ། ཆོས་ཉིད་གལ་ཆེན་འདོན་སྤྲོད་བྱས། རིམ་པ་སོ་སོའི་ཏང་ཨུས་རླབས་ཆེན་ལས་དོན་དང་། རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་ནས། རླབས་ཆེན་འཐབ་རྩོད་ཀྱི་མཐོ་ཚད་བརྩོན་ལེན་བྱེད་དགོས་ཤིང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང་ཉེན་ཚབས་རང་བཞིན་ལ་ངོས་ཟིན་ཟབ་མོ་ལོན་པར་བྱས་ཏེ། ཏང་གི་སྒྲིག་ཡིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་ལ། ཁྱད་པར་དུ་ལམ་ལུགས་ཏང་བཅོས་དང་ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་བསམ་བློ་དང་བླང་བྱ་གལ་ཆེན་ལ་སློབ་སྦྱོང་བཟང་བོ་བྱས་ནས། རྒྱལ་ཡོངས་ཏང་ནང་ཁུལ་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་བསམ་འཆར་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། འཇོན་ཐང་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱ་བ་དམ་པོར་འཛིན་པ་བཅས་ལ་འབད་མཐར། བཅོས་སྒྱུར་གསར་གཏོད་ཀྱི་དགོངས་པ་དང་གཟབ་ནན་བདེན་གཉེར་གྱི་བྱེད་ཕྱོགས་ངོས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱ་བའི་ལས་རིམ་ཁག་ཡར་ལྡན་དུ་སྤེལ་དགོས་ཟེར།

ཝང་ཡུས་པའོ་ཡིས་གཏམ་བཤད་ཁྲོད་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་རྒྱུ་ནི། ཏང་སྟོབས་རྒྱལ་དར་དང་དམངས་ཕྱུག་བདེ་ལྡན་ཡོང་བར་བྱེད་པའི་གཞི་རྩའི་འགན་སྲུང་ཡིན་པ་དང་། རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་དང་རླབས་ཆེན་འཐབ་རྩོད་ལས་རྒྱལ་བར་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཀྱང་ཡིན། དེ་མིན་ད་དུང་སྲིད་འཛིན་གོ་གནས་སྲ་བརྟན་དང་སྲིད་འཛིན་འགན་འཁྲི་ཡོངས་འགྲུབ་བྱེད་པའི་དངོས་ངེས་ཀྱི་བླང་བྱ་ཡང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་ཉེན་ཚབས་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ཁ་མིན་དོན་གྱིས་ཇེ་དྲག་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་པ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་བྱ་བའི་བླང་བྱ་ལྟར། གནས་བབ་གསར་བའི་འོག་གི་ནང་ཁུལ་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱ་བ་རྨང་རྐང་བརྟན་པོའི་ངང་ཡར་ལྡན་དུ་སྤེལ་ནས། བར་མ་ཆད་པའི་ངང་ཞིང་ཆེན་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་འཕེལ་རྒྱས་ལ་རྣམ་པ་གསར་བ་བཏོད་དགོས་ཟེར།

གྲོང་ཁྱེར་དང་ཁུལ་ཏང་ཨུ་སོ་སོ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་དོ་དམ་བྱེད་པའི་ཡན་ལག་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐིན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། རྫོང་ཏང་ཨུའི་སོ་སོའི་ཡན་དག་དོ་དམ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་སྒྲིག་འཛུགས་ལས་ཁུངས་ཀྱི་བློ་མཐུན་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།