མཚོ་སྔོན་ནང་བསྟན་སློབ་གླིང་གིས2017 ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས།
2017.04.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

1.png

ཟླ3པའི་ཚེས31ཉིན། མཚོ་སྔོན་ནང་བསྟན་སློབ་གླིང་གིས2017 ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས། 

2.png

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།

3.png

དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་གྲྭ་བཙུན་རྣམས་ཀྱིས་གཏམ་བཤད་ལ་ཉན་བཞིན་པའི་ཚུལ། 

1.jpg

སློབ་མ་ཚོས་སློབ་སྦྱོང་བྱེད་བཞིན་པའི་ཚུལ། 

2.jpg

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཁྲི་ཀའི་རྫོང་དཔོན་ལ་ས་གནས་ཀྱིས་སློབ་གླིང་གི་བྱ་བར་རྒྱབ་སྐྱོར་བྱ་དགོས་ཚུལ་སོགས་གླེང་བཞིན་པ། 

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་ཀྱིས་བཀོད་པའི་གནས་ཚུལ།

ཟླ3པའི་ཚེས31ཉིན། མཚོ་སྔོན་ནང་བསྟན་སློབ་གླིང་གིས2017 ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་འབྲེལ་ཡོད་མགོ་ཁྲིད་པས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་མཚོ་སྔོན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཡི་འགན་ཁུར་དགོས་པ་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་པ་དཀོན་མཆོག་གིས་མཚོ་སྔོན་ནང་བསྟན་སློབ་གླིང་གི་ཏང་ཨུའུ་ཧྲུའུ་ཅིའི་འགན་ཁུར་དགོས་པའི་གནས་ཚུལ་སོགས་ཁྱབ་བསྒྲགས་བྱས།

ཐེངས་འདིའི་ཚོགས་འདུ་ལ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་གྱིས་འགོ་འཛིན་བྱས་པ་དང་། ཚོགས་ཐོག་ནས་ནང་བསྟན་སློབ་གླིང་གི་འདས་ཟིན་པའི་ཕུལ་བྱུང་གྲུབ་འབྲས་ལ་སྤྱི་བསྡོམས་དང་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་དང་དམིགས་འབེན་སོགས་ཀྱི་ངོས་ནས་གཏམ་བཤད་གནང་།

མཇུག་མཐར་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་པའི་དགོན་སྡེའི་བླ་སྤྲུལ་དང་གྲྭ་བཙུན་མང་པོས་སྤྱི་ཚོགས་ལ་ནུས་པ་མི་དམན་པ་ཐོན་ཡོད་པ་དང་། མ་འོངས་པར་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེང་ནས། རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་དགོན་སྡེའི་ཤེས་ལྡན་མི་སྣ་སྐྱེད་སྲིང་ཐད་སྔར་ལས་ལྷག་པའི་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།