ཝང་ཅན་ཅོན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།
2017.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བཞི་བའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ལོ་སར་ཤིས་ཚིག་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་དགུ་བ། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་གྱི་སྙན་ཞུར་ཉན་སྐབས་གནང་བའི་གསུངས་བཤད་གལ་ཆེན། ཙུང་ལི་གཞོན་པ་ཝང་ཡང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིན་ཚན་ཆུང་གི་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་སྡེ་བའི་ནང་སྡོད་པའི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་བཤད་པའི་གཏམ་བཤད་གལ་ཆེན་བཅས་ཀྱི་ནང་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་གོ་བ་ཡང་དག་བླངས་ནས། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། དུས་ནམ་ཡང་མི་དམངས་ཀྱི་ཁེ་ཕན་བྱ་བ་ཀུན་གྱི་ཐོག་མར་བརྩིས་ཏེ། དབྱར་དུས་ཀྱི་མཁྲེགས་གཏོར་བྱ་བར་རྩ་འཛུགས་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་རྒྱུན་ཆད་མེད་པའི་ངང་སྤེལ་དགོས་ཟེར།

ཝང་ཅན་ཅོན་སྔ་གཞུག་ཏུ་དཔའ་ལུང་རྫོང་རྩ་བ་གྲོང་རྡལ་སྡོང་བོ་ལ་ཁ་སྡེ་བ་དང་གླག་ཚང་བོད་རིགས་གནས་སྤོར་སྡེ་གསར། ཞི་ཐན་སྡེ་བའི་མི་རིགས་གྱོན་ཆས་ལས་སྣོན་ཁང་། མཚེ་མགུར་གཞིས་གསར་གྱི་དབུལ་སྐྱོར་ཧུབ་རིང་ཟབ་སྦྱོང་ཞབས་ཞུ་ལྟེ་གནས་སོགས་སུ་སོང་ནས། དབུལ་ཕོངས་མང་ཚོགས་དང་སྡེ་བའི་ནང་དུ་སྡོད་པའི་ཧྲུའུ་ཅི་དང་པོ། གཞི་རིམ་ལས་བྱེད་པ་བཅས་ལ་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། གནས་སྤོར་དང་ལས་ཞུགས། ཐོན་ལས་སོགས་ཀྱི་དབུལ་སྐྱོར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་ལས་སྒོ་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཆེན་བླ་མེད་དང་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་སྡེ་ཁག་གི་བྱ་བར་སྟོགས་དང་ལྡན་ཞིང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱས་པ་དོན་དང་ལྡན་པ། དེ་འབྲེལ་གྱི་དབུལ་སྐྱོར་སྲིད་ཇུས་བྱེད་ཐབས་སྣང་མང་བཏོན་པ། དབུལ་སྐྱོར་དངུལ་གཏོང་གི་ཁྱབ་རྒྱ་ཆེ་རུ་བསྐྱེད་པར་མ་ཟད། དབུལ་ཕོངས་མང་ཚོགས་ཀྱིས་བསམ་སྦྱོར་གཉིས་ཀྱི་སྟེང་ནས་ཧུར་བརྩོན་བྱས་པ་དང་སྤོབས་པ་ཆེན་པོས་འབྱོར་འབྲིང་གི་དམིགས་འབེན་འགྲུབ་པར་འབད་འབུངས་བྱས་ཏེ། ཁྱད་ཆོས་དང་འབུར་ཐོན། དཔེ་སྟོན་བཅས་ཀྱི་རྣམ་པ་མང་པོ་རིམ་གྱིས་མངོན་ཡོད་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མཚོ་ཤར་ནི་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གནད་ས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གཡུལ་ས་གལ་ཆེན་ཞིག་ཀྱང་ཡིན། གཅིག་ནས་བྱ་བའི་མགོ་མཐོ་ས་ནས་རྩོམ་དགོས། དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་བ་བཞིའི་བསམ་ཕྱོགས་ཀྱི་འགན་འཁྲི་གལ་ཆེན་དང་། ལག་ལེན་བྱེད་ཕྱོགས། ཞིབ་བཤེར་ཚད་གཞིར་བཟུང་ནས། བློ་སེམས་གཅིག་སྒྲིལ་ངང་མཁྲེགས་གཏོར་གྱི་བཙན་ས་འཛིན་དགོས། གཉིས་ནས་གནས་ཐིག་གཏན་འཁེལ་ཡང་དག་བཟོས་ཏེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་དཀྱིལ་སྙིང་དུ་བཟུང་ནས། དུས་དང་གནས་ལ་བསྟུན་ནས་ལམ་ལུགས་བཟོ་དགོས་ཤིང་། མི་དང་ཁྱིམ། སྡེ་བ་བཅས་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། ཐོན་ལས་དབུལ་སྐྱོར་འབུར་ཐོན་ཡོང་བར་བྱེད་པ་དང་སྤྱི་ཁོག་དབུལ་ཐར་བྱ་བ་ཡར་ལྡན་དུ་སྤེལ་དགོས། གསུམ་ནས་བྱེད་ཐབས་གསལ་རྗེན་དུ་གཏོང་དགོས་ཤིང་། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཁ་ཕྱོགས་དང་གནད་དོན་དྲུངས་ནས་འབྱིན་པའི་སྦྱོར་བ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ཇེ་མཐོར་གཏོང་དགོས། བཞི་ནས་དཔྱད་ཞིབ་ཇེ་དམ་ཅན་དུ་བཏང་ནས། དཔྱད་ཞིབ་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བའི་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།