ན་ནིང་གི་ཚུན་ལ། མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་པའི་དབུལ་སྐྱོར་བྱ་ཡུལ་འབུམ་ལྔ་དང་ཁྲི་གཉིས་ཚང་མ་སྨན་བཅོས་རོགས་སྐྱོར་ཁྱབ་ཁོངས་ཁྲོད་བཞག་པ་དང་། རོགས་དངུལ་ཡོད་ཚད་བྱིན་ནས་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་སུ་བཅུག
ཁྱོན་ཡོངས་ནས་རོགས་སྐྱོབ་བྱ་ཡུལ་གཙོ་བོ་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ཕྱོགས་ནས། ན་ནིང་སྡོམ་པས་རོགས་དངུལ་ཁ་ཚང་བྱིན་ནས་ཞིང་སྡེའི་དབུལ་སྐྱོར་བྱ་ཡུལ་མི་འབུམ་ལྔ་དང་ཁྲི་གཅིག་སྟོང་དྲུག་ལ་སྒོར་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་དགུ་དང་སྟོང་ལྔ་བཏང་བས། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་མང་ཚོགས་ཀྱིས་དུས་ཐོག་ཏུ་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱས། རོགས་སྐྱོབ་བྱ་ཡུལ་གཙོ་བོར་ཞག་སྡོད་རོགས་སྐྱོབ་ཀྱི་ཆེས་མ་མཐའི་ཚད་ཐིག་མི་འཛིན་པར། སྲིད་ཇུས་ཁྱབ་ཁོངས་ཁྲོད་ཞག་སྡོད་སྨན་བཅོས་རོགས་སྐྱོབ་བྱེད་ཚད་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད། དེའི་ནང་། དམིགས་བསལ་དཀའ་ཁག་ཅན་ལ་བརྒྱ་ཆའི་བརྒྱ་ཡིས་རོགས་སྐྱོབ་བྱེད་པ་དང་། གཞན་དག་ལ་བརྒྱ་ཆའི་བརྒྱད་ཅུ་ཡིས་རོགས་སྐྱོབ་བྱེད་པ་རེད། དཀའ་ཁག་མང་ཚོགས་ལ་ནད་བྱུང་ནས་ཞག་སྡོད་སྨན་བཅོས་བྱས་རྗེས་སྲིད་ཇུས་ནང་སྨན་བཅོས་གྲོན་དངུལ་གྱི་གཞི་རྩའི་སྨན་བཅོས་དང་ནད་ཚབས་ཆེན་འགན་སྲུང་། སྨན་བཅོས་རོགས་སྐྱོབ་བྱས་རྗེས་སྲིད་གཞུང་གིས་ཁ་གསབ་བྱེད་ཚད་སྡོམ་པས་བརྒྱ་ཆའི་གོ་བཞི་ནས་བརྒྱ་ཆའི་བརྒྱ་ལ་སླེབས་པ་རེད། ལོ་ཧྲིལ་བོར་ཞག་སྡོད་རོགས་སྐྱོབ་བྱས་པའི་མི་གྲངས་ཁྲི་བདུན་དང་སྟོང་ལྔ་བརྒྱད་བརྒྱ་རེ་གཅིག་ལ་སྒོར་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་གོ་བདུན་བཏང་།
ཁྱོན་ཡོངས་ནས་ནད་ཚབས་ཆེན་རོགས་སྐྱོབ་བྱེད་ཐབས་བཙུགས་ནས་ནད་ཚབས་ཆེན་བྱུང་བའི་ནད་པས་གནས་གཏན་སྨན་བཅོས་སྡེ་ཁག་ནས་ཞག་སྡོད་བྱས་པའི་སྨན་བཅོས་འགྲོ་སོང་དེ་སྲིད་ཇུས་རོགས་སྐྱོབ་དང་གཞི་རྩའི་སྨན་བཅོས་འགན་སྲུང་། ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུ་བྱེད་པའམ་དོན་རྐྱེན་ལ་འགན་ཁུར་མཁན་གྱིས་སྐྱིན་ཚབ་བྱས་རྗེས། མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་སོང་ཅུང་མང་བ་དང་། དེའི་ནང་གཙོ་གནད་དང་ཡོང་སྒོ་དམའ་བའི་རོགས་སྐྱོབ་བྱ་ཡུལ་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་སོང་ལོ་གཅིག་གི་ནང་ཁྲི་གསུམ་ལས་བརྒལ་ཚེ་བརྒྱ་ཆའི་དྲུག་ཅུ་ཡི་རོགས་སྐྱོབ་བྱེད་པ་རེད། དབུལ་ཕོངས་རོགས་སྐྱོབ་བྱ་ཡུལ་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་སོང་ལོ་གཅིག་གི་ནང་སྡོམ་པས་སྒོར་ཁྲི་བརྒྱད་ལས་བརྒལ་ཚེ་བརྒྱ་ཆའི་ལྔ་ཅུ་ཡི་རོགས་སྐྱོབ་བྱེད་པ་དང་། ལོ་གཅིག་གི་ནང་རོགས་སྐྱོབ་བྱེད་པའི་སྒོར་གྲངས་ཁྲི་བཅུ་ལས་བརྒལ་མི་རུང་། ལོ་ཧྲིལ་བོར་སྡོམ་པས་ནད་ཚབས་ཆེན་རོགས་སྐྱོབ་བྱེད་ཚད་མི་གྲངས་ལྔ་བརྒྱ་དང་བཞི་ལ་སྒོར་ས་ཡ་དགུ་དང་འབུམ་དྲུག་ཁྲི་གཅིག་གཏོང་བ་རེད།