མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས“ཉིན་བརྒྱའི་མཁྲེགས་གཏོར”འགན་ཁུར་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས།
2017.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་དང་པོར་སྤེལ་བའི“ཉིན་བརྒྱའི་མཁྲེགས་གཏོར”འགུལ་སྐྱོད་ཀྱི་གཅིག་གྱུར་འཆར་འགོད་གཞིར་བཟུང་ནས། ཞིང་ཆེན་ཆུ་བེད་ཐིན་གྱིས་ཚད་མཐོན་པོས་མཐོང་ཆེན་དང་དུས་ཐོག་ཏུ་ལག་བསྟར་ཇུས་གཞི་གཏན་འཁེལ་དང་འགན་ཁུར་རེ་བ་མངོན་གསལ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། བྱ་བ་དངོས་འབེབས་དམ་འཛིན་བྱས་ནས། ཟླ་གསུམ་པའི་ཟླ་མཇུག་བར། “ཉིན་བརྒྱའི་མཁྲེགས་གཏོར”ལས་གཞི་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་ས་ཡ་གཉིས་འབུམ་བརྒྱད་གཏོང་བ་ཡོངས་འགྲུབ་བྱས་ཤིང་། སྒོར་དུང་ཕྱུར་གསུམ་ལས་བརྒལ་བའི་དམིགས་འབེན་འགན་ཁུར་ཡོངས་འགྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱི“ཉིན་བརྒྱའི་མཁྲེགས་གཏོར”ཁྲོད་བཞག་པའི་ལས་གཞི་བཞི་ཡོད་པ་དང་། དེའི་ནང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་ནུབ་མའི་བཟོ་སྐྲུན་གྱི་ཨར་ལས་བཟོ་སྐྲུན་བཅུ་བདུན་ཡོངས་འགྲུབ་བྱས་ཤིང་། ལྷག་ཡོད་པའི་བཟོ་སྐྲུན་གཉིས་ད་ལྟ་སྒྲུབ་བཞིན་ཡོད་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་འབུམ་གསུམ་ཁྲི་བཞི་གཏོང་བ་ཡོངས་འགྲུབ་བྱས་པས། དམིགས་འབེན་འགན་ཁུར་གྱི་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་གསུམ་བཞི་ཟིན། ཆུ་རྐ་བྱང་མའི་དུས་རིམ་གཉིས་པའི་བཟོ་སྐྲུན་གྱིས་ཨར་ལས་བཟོ་སྐྲུན་བཅུ་བདུན་ཡོངས་འགྲུབ་བྱས་ཤིང་། ལྷག་ཡོད་པའི་བཟོ་སྐྲུན་གཉིས་ད་ལྟ་སྒྲུབ་བཞིན་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་འབུམ་གཉིས་ཁྲི་བཞི་གཏོང་བ་ཡོངས་འགྲུབ་བྱས་པས། དམིགས་འབེན་འགན་ཁུར་གྱི་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་གཉིས་བཞི་ཟིན། རྨ་ཆུའི་ཆུ་རྒྱུན་ཆུ་འགོག་བཟོ་སྐྲུན་གྱི་ལས་གཞི་རྫོང་བཅོ་ལྔའི་ཁྲོད། ཞིན་ཧེ་དང་ཐུན་ཏེ། གཅིག་སྒྲིལ་བཅས་རྫོང་གསུམ་གྱི་བཟོ་སྐྲུན་གཙོ་བོ་ཡོངས་འགྲུབ་བྱས་ཤིང་། ཁྲི་ཀ་དང་དཔའ་ལུང་སོགས་རྫོང་བརྒྱད་ནས་བསྐྱར་ལས་བྱས་ཟིན་ལ། བསྡོམས་པས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་དགུ་ཁྲི་གསུམ་གཏོང་བ་ཡོངས་འགྲུབ་བྱས་པས། དམིགས་འབེན་འགན་ཁུར་གྱི་བརྒྱ་ཆའི་བརྒྱ་དང་གསུམ་ལྷག་ཟིན། ལ་ཟེ་བ་ཆུ་མཛོད་ཆུ་གཏོང་བཟོ་སྐྲུན་གྱི་ཆུ་རྐ་གཙོ་བོ་ཡོངས་སུ་བསྐྱར་ལས་བྱས་པ་དང་། མ་དངུལ་སྒོར་བྱེ་བ་ལྔ་དང་འབུམ་གསུམ་གཏོང་བ་ཡོངས་འགྲུབ་བྱས་པས། དམིགས་འབེན་འགན་ཁུར་གྱི་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་དྲུག་ཟིན།
 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།