ད་ལོར་མཚོ་སྔོན་གྱིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཅན་གྱི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བྱེད་ཐབས་སྣ་ཉེར་གཅིག་སྤྱད་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་རྒྱུ་རེད།
2017.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བཞི་བའི་ཚེས་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཅན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། བྱེད་ཐབས་སྣ་དྲུག་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཞིབ་ཕྲའི་བྱེད་ཐབས་ཉེར་གཅིག་སྤྱད་དེ་དབུལ་ཐར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་རྒྱུ་རེད།

ད་ལོར། དབུལ་ཕོངས་ཁྱིམ་ཚང་ལ་ཁ་ཕྱོགས་པ་དང་འདྲ་མཉམ་དྲང་གཞག་སྒོས་མི་བསྡུ་བ། ཕུལ་བྱུང་ཅན་བསལ་ནས་བཀོལ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ཉིས་སྟོང་བཅུ་དྲུག་ལོར་གསར་སྤེལ་བྱས་ཟིན་པའི་སྤྱི་ཕན་ལས་རྐང་སྟོང་གཅིག་བརྒྱ་དང་རེ་ལྔའི་རྨང་གཞིའི་སྟེང་དུ། ཞིང་ཆེན་ཡོངས་ཀྱི་བྱང་བུ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་སྡེ་བར་དབུལ་སྐྱོར་སྤྱི་ཕན་ལས་རྐང་བརྒྱད་བརྒྱ་སོ་ལྔ་བརྩོན་ལེན་བྱས་ཏེ། བདེ་སྡོད་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་སྟེང་བཀོལ་རྒྱུ་ཡིན་པར་མ་ཟད། ཆེད་དམིགས་ལས་རྐང་གི་སྟེང་ནས་ལས་ཞུགས་དབུལ་སྐྱོར་བྱ་བ་སྤེལ་རྒྱུ་རེད། གཏན་འཁེལ་ལྟར་དུ་ལས་རྐང་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཁ་གསབ་ཀྱི་འབྲེལ་ཡོད་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་རེད།