ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས།
2017.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས། ཚོགས་ཐོག་ནས་ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་དང་། གྲོས་ཚོགས་ཐེངས་སོ་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། འགྱུར་བ་མེད་པའི་སྒོ་ནས་འདུ་ཤེས་བཞི་འཛིན་པ་དང་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་གཏོང་བ། གཅིག་བསྡུས་སྒོས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་འཛིན་པ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་བཅངས་ནས་ལས་རིམ་ཁག་སོ་སོའི་བཅོས་སྒྱུར་བྱ་བ་དངོས་འབེབས་ཟབ་མོ་ཡོང་བར་འབད་དེ། རིགས་སོ་སོའི་མི་དམངས་ཀུན་གྱི་བདེ་སྐྱིད་ཚོར་བ་བར་མ་ཆད་པའི་ངང་ཇེ་ཆེར་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅོན་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་དང་སོ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཁྱོན་ཡོངས་བཅོས་སྒྱུར་བྱ་བ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་་བཅོས་སྒྱུར་བྱ་བ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་བཅས་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དཀྱིལ་སྙིང་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བ་བཟང་པོར་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་དང་དཔྱད་སྡུར་བྱས། ཚོགས་ཞུགས་བློ་མཐུན་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། སྡོད་མི་རུང་བ་དང་སྒུག་མི་ཆོག་པ། དལ་མི་རུང་བ་བཅས་ཀྱི་འགན་འཁྲིའི་འདུ་ཤེས་དང་ཉེན་ཚབས་འདུ་ཤེས་དྲག་པོ་རང་རྒྱུད་ལ་བཅངས་ནས། བཅོས་སྒྱུར་ལ་བརྟེན་ནས་སྐྱེ་ཁམས་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཕན་ཁེ་བསྐྲུན་པ། ཏང་འཛུགས་བྱ་བ་སྟོབས་ལྡན་དུ་བསྒྱུར་བ་བཅས་ལ་འབད་དེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་རྩ་བ་ཚུགས་ནས་རྩེ་མོ་རྒྱས་པར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་གྱིས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་བྱ་བར་འཕྲད་བཞིན་པའི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་པར་མ་ཟད། མ་འོངས་པར་བཅོས་སྒྱུར་བྱ་བ་ཟབ་སྤེལ་བྱེད་པའི་ཐད་བཀོད་སྒྲིག་གང་ལེགས་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་དང་ཐེངས་སོ་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱིས་ཁ་ཕྱོགས་གསལ་སྟོན་དང་གོང་དཔེ་འོག་སྟོན། བྱེད་ཐབས་བསླབ་སྟོན་བཅས་བྱས་ཏེ། ང་ཚོས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གོམ་རྗེས་ཇི་བཞིན་འདེད་པ་དང་། ཏང་ཀྲུང་དབྱང་གི་དབྱངས་འགྲོས་དང་ཇི་བཞིན་བསྟུན་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་སྟེང་དུ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། མཚོ་སྔོན་གྱིས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཐད་རང་འགུལ་གྱིས་བྱ་བ་སྒྲུབ་དགོས་པ་དང་གཞན་གྱི་མདུན་གྲས་སུ་སླེབས་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་ཆབ་སྲིད་ཀྱི་མཐོ་ཚད་ནས་འགྲེང་སྟེ་བཅོས་སྒྱུར་བྱ་བར་མཐོང་ཆེན་བྱེད་དགོས་པར་མ་ཟད། བཅོས་སྒྱུར་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས། གནད་དོན་ཐག་གཅོད་ཁ་ཕྱོགས་རྒྱུན་འཁྱོངས་དང་དུས་རིམ་གཉོམ་ཞན་ཅན་དམ་པོར་འཛིན་པ། རྟོག་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། བདེན་དངོས་ཀྱི་དབྱེ་བ་འབྱེད་པ་བཅས་ཀྱི་སྒོ་ནས། བཅོས་སྒྱུར་བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཁ་མིན་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། གནད་དོན་ཐག་གཅོད་ཁ་ཕྱོགས་དང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལུས་སེམས་གཉིས་ཀས་རྟོག་ཞིབ་དང་དཔེ་མཚོན་རིས་འགྲེལ། གནད་དོན་ཐག་གཅོད་པ། ཞིབ་བཤེར་ཡང་དག་བྱེད་པ། ལས་དོན་བསྒྲུབ་པར་ཕན་འབྲས་ལོན་པར་བྱེད་པ་བཅས་ལ་འབད་དེ། བཅོས་སྒྱུར་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། བཅོས་སྒྱུར་གྱི་དངོས་ཡོད་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ངོས་ཟིན་མཐོར་འདེགས་སུ་གཏོང་དགོས་པ་དང་། བསམ་བློ་གཏོང་ཚུལ་དང་བྱ་བ་སྒྲུབ་ཚུལ་དངོས་སུ་བསྒྱུར་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་འདུ་ཤེས་དང་བྱེད་ཐབས། བརྒྱུད་ལམ་བཅས་སྤྱད་དེ་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཐག་གཅོད་པར་ཞིབ་འཇུག་བྱེད་དགོས། རྩོད་སྒྲུབ་ཀྱི་བསམ་བློ་གཏོང་སྟངས་དང་མིག་རྒྱང་རིང་བོའི་སྒོ་ནས། བྱ་བའི་ཆོས་ཉིད་ལ་ངོས་འཛིན་བྱེད་པ་དང་བཅོས་སྒྱུར་བྱེད་ཐབས་འཚོལ་དཔྱོད་བྱེད་དགོས་པ་ལས་གཞན། ཕྱོགས་སོ་སོའི་བརྩོན་སེམས་འདོན་སྤེལ་གང་ལེགས་བྱེད་པར་སྙོམ་སྒྲིག་དང་། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་ཆེར་གཏོང་དགོས། གནད་ས་གཙོ་བོར་བཟུང་ནས། ཁྱབ་ཁོངས་གཙོ་བོའི་ཐོད་བརྒལ་ལ་བརྟེན་ཏེ་བཅོས་སྒྱུར་ཡོངས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། མཚོ་སྔོན་གྱི་ཁྱད་ཆོས་མངོན་དུ་འཇུག་པ་དང་བྱ་བའི་གྲུབ་འབྲས་ཆེ་ཤོས་བསྐྲུན་དགོས། འགན་འཁྲི་དམ་པོར་བཟུང་ནས་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་རང་ཉིད་བཅོས་སྒྱུར་ཁྲོད་ཞུགས་པ་དང་དཀའ་ངལ་ཁྱད་གསོད་སོགས་ཀྱི་བསམ་བློ་བཅངས་ནས། རང་འགན་ཡོངས་འགྲུབ་བྱེད་དགོས། བཅོས་སྒྱུར་བྱ་བའི་དཔེ་མཚོན་རྒྱུན་འཁྱོངས་སྒོས་འཕེལ་རྒྱས་ལ་སྣེ་སྟོན་བྱེད་པ་དང་བཅོས་སྒྱུར་གྱི་ཐུན་མོང་ལྟ་བ་གཅིག་བསྡུས་བྱས་ཏེ། བཅོས་སྒྱུར་གྱི་མཉམ་འདུས་སྟོབས་ཤུགས་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མ་རུ་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་པའི་སྣ་ཚུལ་ལེགས་པོ་ཞིག་བསྐྲུན་དགོས་ཟེར།