ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཡར་ལྡན་དུ་སྤེལ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་དང་། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། མིག་སྔའི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱས་ཏེ། མ་འོངས་པའི་དཔལ་འབྱོར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་གྲོས་མོལ་བརྒྱུད་དེ་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཡར་ལྡན་དུ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞིར་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མཛུབ་སྟོན་གལ་ཆེན་གྱིས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཁས་ལེན་ཡང་དག་བྱས་ཡོད་ཅིང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཡར་ལྡན་དུ་སྤེལ་དགོས་པའི་དོན་སྙིང་གལ་ཆེན་དང་དམིགས་འབེན་འགན་འཁྲི། གཞི་རྩའི་བླང་བྱ་བཅས་ལ་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། ང་ཚོའི་ཆེད་དུ་བྱ་བ་བཟང་བོར་བསྒྲུབ་པར་ཆོས་ཉིད་གལ་ཆེན་འདོན་སྤྲོད་བྱས། ང་ཚོས་ངེས་པར་དུ་དེར་སློབ་སྦྱོང་ནན་མོ་དང་གོ་བ་ཡང་དག་ལེན་པ་དང་། ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་ཤིང་། འཆར་འགོད་ནན་མོ་འཐེན་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། རྨང་རྐང་བརྟན་པོའི་ངང་ཡར་ལྡན་དུ་སྤེལ་བ་བཅས་ལ་འབད་དེ། མཚོ་སྔོན་གྱི་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཡར་ལྡན་དུ་སྤེལ་ནས་ཕན་འབྲས་བཟང་བོ་ལེན་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཡར་ལྡན་དུ་སྤེལ་བར་བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱ་བ་གཙོ་བོར་འཛིན་དགོས་ཤིང་། བར་མ་ཆད་པའི་ངང་སློབ་དང་བྱེད་ཀྱི་ཁྱབ་རྒྱ་ཆེར་བསྐྱེད་བྱས་ཏེ། སློབ་གཉིས་བྱེད་གཅིག་བྱ་བ་ཏང་ཡོན་སློབ་གསོའི་གཞི་རྩའི་ནང་དོན་དུ་བཟུང་ནས། སློབ་སྦྱོང་ཕན་འབྲས་གསལ་བོར་བཟོ་བ་དང་ཐབས་ལམ་གསར་སྐྲུན་བྱེད་དགོས། ཏན་ཏན་ཏིག་ཏིག་ངང་སྤེལ་བ་དང་ཧུར་བརྩོན་ཆེན་པོས་ལངས་ཕྱོགས་དང་ལྟ་བར་གོ་བ་ཡང་དག་བླངས་ནས། སྲོག་ཤིང་དོན་སྙིང་དང་བསམ་པའི་དགོངས་དོན་ལ་ངེས་ཤེས་ཟབ་མོ་བླངས་ཏེ། ལག་ལེན་ལ་མཛུབ་སྟོན་དང་བྱ་བ་ཡར་ལྡན་དུ་སྤེལ་དགོས། གནད་དོན་ཁ་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ་དང་། གནད་དོན་དུས་ལྟར་འདོན་པ་དང་དུས་ལྟར་གནད་དོན་ཐག་གཅོད་པར་ཕན་པའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བཙུགས་ཏེ། ཏང་ཡོན་ལས་བྱེད་པས་ཚད་ལྡན་བཞི་མིག་དཔེར་འཛིན་པར་སྣེ་ཁྲིད་བྱས་ཏེ། རང་རྟོགས་སྒོས་ཞིབ་བསྡུར་བྱེད་པ་དང་དུས་ལྟར་ཞིབ་ལྟ་བྱེད་པ། སྐབས་རྙེད་གནད་དོན་དུས་ལྟར་བསྒྱུར་བ་བཅས་ལ་འབད་བརྩོན་བྱེད་དགོས། གནད་འགག་གྲངས་ཉུང་གི་བྱ་བ་དམ་འཛིན་དང་གོང་དཔེ་འོག་སྟོན་ལ་དོ་སྣང་བྱས་ཏེ། མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཡི་གནད་འགག་དམ་འཛིན་བྱས་ནས། གཞི་རིམ་ཏང་ཀྲི་པུའུ་ཡི་འབྲེལ་ཡོད་ལམ་ལུགས་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་དགོས། ཀྲི་པུའུ་མགོ་ཁྲིད་ཚན་ཁག་སྟོབས་དང་ལྡན་པ་ཞིག་འདེམས་ནས། བར་མ་ཆད་པའི་ངང་རྩ་འཛུགས་དང་དྲིལ་སྒྲོག། སློབ་གསོ། ཞབས་ཞུ། མང་ཚོགས་བཅས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་དུས་ཚིགས་དང་པོའི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་དང་མ་འོངས་པའི་བྱ་བའི་བྱེད་ཕྱོགས་བསམ་འཆར་གྱི་སྙན་ཞུར་ཉན། གྲོས་ཚོགས་ནས་ད་ལོའི་དུས་ཚིགས་དང་པོའི་ནང་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ལས་དོན་སྔ་མོ་ནས་འཛིན་པ་དང་དངོས་དོན་འཛིན་པ། ཡང་དག་པའི་སྒོ་ནས་འཛིན་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྣམ་པ་སྤྱིའི་ཆ་ནས་བརྟན་འཇགས་དང་། བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་འགྲོ་བའི་རྣམ་པ་བཟང་བོ་མངོན་པར་མ་ཟད། དུས་ཚིགས་དང་པོའི་ཐོན་སྐྱེད་སྤྱིའི་རིན་འབབ་བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་གིས་ཇེ་མང་དུ་སོང་། དམིགས་ཚད་གཙོ་བོ་སྔོན་དཔག་དུས་ཡུན་ལས་བཟང་བ་དང་། དུས་ཚིགས་ཐོག་མའི་རྣམ་པ་བཟང་བོ་མངོན་འགྱུར་བྱུང་། དུས་མཚུངས་སུ། མཚོ་སྔོན་གྱི་དཔལ་འབྱོར་འཁོར་རྒྱུག་ཁྲོད་དུ་གནས་ཚུལ་གསར་བ་དང་གནད་དོན་གསར་བ་མི་ཉུང་བ་ཞིག་གནས་ཡོད་པ་ཤེས་རྟོགས་བྱུང་ཟེར།
གྲོས་ཚོགས་ལས་བསྟན་དོན། དུས་རིམ་རྗེས་མའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སྙེག་པའི་བྱེད་ཕྱོགས་གཙོ་བོར་གོ་བ་ཡང་དག་བླངས་ཏེ། བསྒྱུར་དགོས་པ་བཞིའི་བསམ་བློ་གསར་བའི་ངོས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་རང་རྟོགས་རང་བཞིན་དང་སྔོན་དཔག་རང་བཞིན་ཇེ་དྲག་ཏུ་བཏང་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སྙེག་པ་དང་སྒྲིག་གཞི་སྙོམ་པའི་བྱ་བ་གཉིས་བཟང་བོར་བསྒྲུབ་དགོས། ལོ་སྟོད་ཀྱི་འོས་འགན་ཡོངས་འགྲུབ་ཐད་འབད་འབུངས་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
གྲོས་ཚོགས་ལས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ཀྱི་མཛུབ་སྟོན་འདུ་ཤེས་འཛིན་སྟངས་བྱ་བ་བཀོལ་ཅི་ཐུབ་བྱས་ཏེ། འདུ་ཤེས་འཛིན་སྟངས་བདེ་འཇགས་དང་ཆབ་སྲིད་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུ་བར་ཕན་པའི་བསམ་བློ་གླེང་བརྗོད་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་དགོས་ཟེར།
གྲོས་ཚོགས་ལས་ཉིས་སྟོང་བཅུ་དྲུག་ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མཇུག་འབྲས་དང་ཉིས་སྟོང་བཅུ་བདུན་ལོའི་དཔྱད་ཞིབ་བྱ་བའི་བསམ་འཆར་གྲོས་འདོན་སྙན་ཞུར་ཉན།
གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།