ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཅུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གནད་དོན་ལེགས་སྒྲིག་གི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྱད་པར་དུ་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱི་གཏམ་བཤད་ནང་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། གནད་དོན་དམིགས་བཀར་དང་དངོས་གཉེར་བདེན་འཛིན་བྱས་ནས། སྔ་མོ་ནས་གྲུབ་འབྲས་ལོན་པར་འབད་པ་བྱས། གྲོས་ཚོགས་ལས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཕན་འབྲས་དཔྱད་ཞིབ་གནས་ཚུལ་སྐོར་གྱི་བརྡ་ཁྱབ་ཅེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཕན་འབྲས་དཔྱད་ཞིབ་སྐོར་གྱི་གནས་ཚུལ་ཞེས་པ་གཉིས་བསྒྲགས།
གྲོས་ཚོགས་ལས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་རྒྱུན་མཐུད་ངང་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་གི་དུས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྙས་རིས་གྲོས་ཚོགས་བསྡུས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་བཀོད་སྒྲིག་སྐུལ་སློང་བྱས་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་མཐོང་ཆེན་བླ་མེད་དང་འགན་གཙང་ལེན་བྱེད་པའི་རྣམ་པ་མངོན་པར་མཚོན་ཞིང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་པ་ལས་གཞན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོམ་རྗེས་སུ་དམ་པོར་འབྲངས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབྱངས་འགྲོས་དང་དམ་དུ་འབྲེལ་དགོས་པར་མ་ཟད། ཐོག་མཐའ་བར་གསུམ་ཀུན་ཏུ་གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་རང་འགུལ་ངང་དག་སྒྲིག་བྱས་མཐར། དབུལ་ཐར་མཁྲེགས་གཏོར་བྱ་བ་ཏན་ཏན་ཏིག་ཏིག་ངང་བསྒྲུབ་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ་ས་གནས་སོ་སོའི་དབུལ་སྐྱོར་སྡེ་ཁག་གིས་ངེས་པར་དུ་གཟབ་ནན་དང་ནན་ཏན་སྒོས་གྲོང་ཁྱེར་དང་རྫོང་གི་དབུལ་སྐྱོར་དངོས་འབེབས་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། གནད་དོན་རེ་རེ་བཞིན་དུ་ཐག་གཅོད་པ་དང་གོམ་པ་རེ་རེ་བཞིན་དུ་མདུན་སྐྱོད་བྱས་ཏེ། དག་སྒྲིག་ལས་རིམ་རེ་རེ་བྱས་ནས་བསྒྲུབ་དགོས་པ་ལས་གཞན། ཞིང་ཆེན་གྱི་ལོ་བཞིའི་རིང་ལ་མཁྲེགས་གཏོར་གཅིག་བསྡུས་དང་ལོ་གཅིག་གི་རིང་ལ་རྨང་རྐང་བརྟན་པོར་བཏང་ནས་མཐོར་འདེགས་གཏོང་བའི་བསམ་ཕྱོགས་ལྟར། བར་མ་ཆད་པའི་ངང་དབུལ་ཐར་མཁྲེགས་གཏོར་བྱ་བ་དམ་པོར་འཛིན་དགོས། ལས་གཞི་གཙོ་བོ་ཡར་ལྡན་དུ་སྤེལ་དགོས་པ་དང་ཁྱད་པར་དུ་གནས་སྤོར་དབུལ་སྐྱོར་ལས་གཞི་གཙོ་བོར་བསྒྲུབ་དགོས། ས་གནས་སོ་སོས་ངེས་པར་དུ་དབུལ་སྐྱོར་བྱ་བ་དམ་པོར་འཛིན་པ་དང་གཏིང་ཟབ་ཏུ་སྤེལ་བ། དངོས་གཉེར་བཅས་བྱས་ཏེ། དབུལ་སྐྱོར་སྔོན་ཐོན་གྱི་དཔེ་མཚོན་རྩིས་ཞིབ་ལམ་ལུགས་བཙུགས་ནས། དུས་ངེས་གཏན་ནང་དུ་སྤྱི་རྩིས་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དཔེ་མཚོན་ཉམས་མྱོང་བསྡུ་ལེན་བྱེད་དགོས་ཟེར།