ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་རྒྱལ་ཡོངས་སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་གོ་བ་ཡང་དག་བླངས་ནས། བྱ་བའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་འཛུགས་དགོས་པར་མ་ཟད། སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཡོངས་མཐུན་སྒྲིལ་དམ་པོ་ཡོང་བར་སྣེ་སྟོན་བྱས་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པར་ཤེས་རབ་དང་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར།
ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་གྱི་སྟོབས་ཤུགས་གཙོ་བོ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་བྱ་བར་མཐོང་ཆེན་བྱས་ཏེ། ཁོ་ཚོ་མཐུན་སྒྲིལ་དམ་པོར་ཡོང་བར་སྣེ་ཁྲིད་བྱས་ནས། ཆབ་སྲིད་ལངས་ཕྱོགས་ཇེ་བརྟན་དང་ཡང་དག་པའི་ཁ་ཕྱོགས་རང་རྒྱུད་ལ་ངེས་པར་སྐུལ་འདེད་བཏང་སྟེ། བར་མ་ཆད་པའི་ངང་ལམ་ཕྱོགས་རང་རྟོན་དང་གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རང་རྟོགས་སྒོས་ཏང་གི་ཉེ་འཁོར་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བྱས་ཏེ། ཡོད་ཚད་དམངས་ཀྱི་ཆེད་དུ་ཞབས་འདེགས་བསྒྲུབ་རྒྱུ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་བསྒྲུབ་པའི་བསམ་བློ་རང་རྒྱུད་ལ་སྐྱེས་པར་སྣེ་སྟོན་བྱས་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཚོ་སྔོན་གྱི་འཕེལ་རྒྱས། མི་སྒེར་གྱི་འཕེལ་རྒྱས་བཅས་ཀྱི་འབྲེལ་བར་གོ་བ་ཡང་དག་བླངས་ནས། རང་སྟེང་གི་དགེ་མཚན་རྩལ་དུ་བཏོན་ནས་འདོན་སྤེལ་དང་སེམས་ཤུགས་གཅིག་སྒྲིམ་སྒོས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས། མི་དམངས་ཀྱི་བདེ་སྐྱིད་བཅས་ཡར་ལྡན་དུ་སྤེལ་བའི་ཁྲོད་ནས་མི་ཚེའི་རིན་ཐང་མངོན་དུ་འགྱུར་བར་བྱེད་དགོས་ཤིང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་ཆེད་དང་བསྒྱུར་བ་བཞི་ཡར་ལྡན་དུ་སྤེལ་ཆེད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆབ་སྲིད་འགན་འཁྲི་ཕྲག་སྟེང་དུ་བླངས་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་བྱེད་ཐབས་བྱེད་ཕྱོགས་གསར་གཏོད་བྱེད་པ། འབྲེལ་ལམ་ཆེར་བསྐྱེད་པ། བྱ་བའི་ལམ་ལུགས་འཐུས་ཚང་འཛུགས་པ། མཐུན་རྐྱེན་མ་ལུས་བསྡུ་འགུགས་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན།
མགོན་པོ་བཀྲ་ཤིས་དང་ཝང་ཡུས་པའོ་གཉིས་ཐེངས་འདིའི་རྟོག་ཞིབ་བྱ་བར་ཞུགས།