མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལྟེ་གནས་ཚན་ཁག་གི་རྒྱ་སྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས།
2017.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལྟེ་གནས་ཚན་ཁག་གི་རྒྱ་སྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གཏམ་བཤད། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་ཁྲིན་ཝེ་གདན་དྲངས་ནས། ཇི་ལྟར་བྱས་ཏེ་མི་གྲངས་ཉུང་བའི་ཞིང་ཆེན་ཞིག་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་སུ་བསྒྱུར་དགོས་པའི་སྐོར་གྱི་བསམ་ཕྱོགས་ཞེས་པ་བརྗོད་གཞིར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས།

ཚོགས་ཞུགས་མི་སྣས་རང་སོ་སོའི་བསམ་བློ་དང་བྱ་བ་དངོས་དང་དམ་དུ་འབྲེལ་བའི་སྒོ་ནས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། འཆད་ཁྲིད་དང་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་ལ་ཉན་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་བས་མཚོ་སྔོན་གྱི་ལས་དོན་ཁྲོད་ཟིན་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལོན་བྱུང་ཟེར། ཚང་མས་བཤད་རྒྱུར། མིག་རྒྱང་རིང་དུ་བསྲིང་བ་དང་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་འཐེན་པ། དངོས་འབེབས་བྱ་བ་དམ་པོར་འཛིན་པ་བཅས་ལ་འབད་མཐར། མཚོ་སྔོན་འདི་ཉིད་མི་གྲངས་ཉུང་བའི་ཞིང་ཆེན་ཞིག་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་སུ་བསྒྱུར་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་གཏན་བཤད་སྐབས་བསྟན་དོན། ཞིང་ཆེན་ཏང་ཨུས་བཏོན་པའི་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་སུ་བསྒྱུར་དགོས་པའི་བསམ་ཕྱོགས་ནི་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཧ་ཅང་མཐུན། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པའི་ལག་ལེན་གསོན་པོ་ཡང་ཡིན། མཚོ་སྔོན་ནི་མི་རིགས་མང་ཞིང་ཆོས་ལུགས་མང་བ། རིག་གནས་སྣ་འདུས་བཅས་དུས་ཡུན་རིང་བོར་མཉམ་འདུས་མཉམ་བསྲེས་དང་། འཆམ་མཐུན་མཉམ་གནས་ཀྱི་ཞིང་ཆེན་ཞིག་ཡིན། གྲངས་ཉུང་མི་རིགས་ཀྱི་ཟིན་ཚད་མཐོ་ཞིང་མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་གྱི་བསྡུར་ཚད་མཐོ་བར་བརྟེན། སྲིད་འཛིན་ས་ཁུལ་གྱི་འཆར་འགོད་སྟེང་དུ་མི་རིགས་རང་སྐྱོང་ཁུལ་དང་མི་རིགས་རང་སྐྱོང་རྫོང་གཙོ་བོ་ཡིན་པས་ཞིང་ཆེན་གྱི་གནས་སྟངས་ཅུང་དམིགས་བསལ་བ་ཞིག་ཡིན། མི་རིགས་མཐུན་སྒྲིལ་བྱ་བས་མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་ཟིན་པའི་དོན་སྙིང་གལ་ཆེན་ལ་གོ་བ་མ་ནོར་བ་ལེན་ཐུབ་དགོས། མི་རིགས་མཐུན་སྒྲིལ་བྱ་བ་ནི་རྣམ་པ་ཁོ་ནའི་སྟེང་ནས་མི་སྤེལ་བར། ཁྱོན་ཡོངས་ནས་སྤྱི་ཚོགས་ཧྲིལ་བོ་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཁྲོད་གཏིང་ཟབ་ངང་འདྲེས་སྦྱོར་ཡོང་བར་འབད་དེ། མི་རིགས་མཐུན་སྒྲིལ་བྱ་བར་གསོན་ཤུགས་སྣོན་དགོས་ཟེར།