ཟླ་ལྔ་བའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དཀྱིལ་སྙིང་དུ་བཟུང་ནས། བསྒྱུར་བ་བཞི་སྐུལ་སྤེལ་བྱས་པ་མ་ཟད། མཚོ་སྔོན་གྱི་ལོ་ལྔའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བྱ་བར་བགྲོ་གླེང་དང་འཆར་འགོད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་གཏམ་བཤད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཉིན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྲང་ཀོང་རུང་།ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།
གྲོས་ཚོགས་ཀྱི་སྔོན་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གིས་བརྗོད་དོན་དཀྱིལ་སྙིང་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་རྟོག་ཞིབ་གཏིང་ཟབ་བྱས། ཚོགས་ཐོག་ནས་ཞིང་ཆེན་གྱི་མགོ་ཁྲིད་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཆེད་མཁས་པ། དགེ་རྒན་ཆེན་མོ་བཅས་ཀྱིས་མཉམ་དུ་རྟོག་ཞིབ་གྲུབ་འབྲས་དང་བྱ་བའི་ཉམས་མྱོང་སྐོར་ལ་བསམ་འཆར་བཏོན། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ནན་ཏན་སྒོས་སློབ་སྦྱོང་དང་བསམ་གཞིགས་གནད་ཐིངས་བཏང་ནས། བསམ་ཚུལ་བརྗེ་རེས་ཀྱི་གྲོས་སྡུར་འཁྲུག་ཆ་དོད་པོ་ཞིག་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱིས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་འཛུགས་བྱ་བར་དཔེ་རིས་བྲིས་ཏེ། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན། ཞིང་ཆེན་ཏང་ཨུས་བཏོན་པའི་བསྒྱུར་བ་བཞི་ནི་ཏན་ཏན་ཏིག་ཏིག་བཞི་ལག་ལེན་མཐར་ཕྱིན་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་དང་། དེས་བསམ་བློ་འདུ་ཤེས་དང་མཐོང་རྒྱ་ཐོས་རྒྱའི་སྟེང་ནས་མཚོ་སྔོན་གྱི་གནས་བབ་ལ་ངོས་འཛིན་ཚད་ཇེ་མཐོར་བཏང་བར་མ་ཟད། རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་རེ་ལྟོས་ལ་ལན་གསལ་བོ་བཏབ་པ་ལས་གཞན། ཚུལ་སྒྱུར་འཕེལ་རྒྱས་ཀྱི་དངོས་དོན་བླང་བྱ་དང་རུང་བསྟུན་བྱས་ཡོད་ཟེར། ཚང་མས་བཞེད་དོན། དཀའ་སྤྱད་འབད་འཐབ་དང་བྱ་བ་ཧུར་བརྩོན་གྱིས་བསྒྲུབ་སྟེ། བསྒྱུར་བ་བཞི་དང་ཏན་ཏན་ཏིག་ཏིག་བཞི་ལག་ལེན་མཐར་ཕྱིན་བྱས་མཐར། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱ་བ་འབད་པས་བསྒྲུབ་དགོས་ཟེར།
ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ནི། མཚོ་སྔོན་གྱི་འཕེལ་རྒྱས་བྱ་བའི་སྲོག་རྩ་དང་རྩ་འཛིན་ཡིན་པ་དང་། ང་ཚོས་བསྡུ་འཆར་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་གཞི་རྩའི་ཆོས་ཉིད་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། ཏན་ཏན་ཏིག་ཏིག་བཞིའི་དར་ཆ་མཐོ་རུ་བསྒྲེང་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་མིག་རྒྱང་རིང་དུ་བསྲིངས་ཏེ། ཞིང་ཆེན་གྱི་ད་ཡོད་གནས་ཚུལ་ལ་གོ་བ་ལེནཚད་ཇེ་མཐོར་གཏོང་དགོས་པ་དང་། མ་འོངས་འཕེལ་རྒྱས་བྱ་བར་འཆར་འགོད་བཟང་བོ་བྱས་ནས། ལག་ལེན་དངོས་ཀྱི་འཚོལ་དཔྱོད་ཁྲོད་ནས་བདེན་གཉེར་གྱི་བྱེད་ཐབས་བཟང་བོ་གྲུབ་པར་བྱེད་དགོས། མཚོ་སྔོན་གྱིས་རྒྱལ་ཡོངས་སྤྱིའི་ཁྲོད་ཟིན་པའི་འཐབ་ཇུས་གོ་གནས་ལ་གོ་བ་ཡང་དག་བླངས་ནས། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་ནས་རྐང་བཙུགས་ཏེ་མཚོ་སྔོན་ལ་ལྟ་བ་དང་མཚོ་སྔོན་ལས་སྒོར་བུད་དེ་ཕྱིར་མཚོ་སྔོན་ལ་ལྟ་བ། མ་འོངས་པར་ཁ་ཕྱོགས་ནས་མཚོ་སྔོན་ལ་ལྟ་བ། འཕེལ་རྒྱས་བསམ་ཕྱོགས་བསྒྱུར་བ། དགེ་མཚན་སྔོག་འདོན་ལེགས་པོ་བྱེད་པ། ལྗང་སྒྱུར་བྱ་བར་འཆར་འགོད་ལེགས་པོ་བྱེད་པ། ལྗང་སྒྱུར་བགྲོད་ལམ་སྟེང་འབད་པས་བསྐྱོད་པ། ལྗང་སྒྱུར་མིང་གྲགས་ཐོན་རྫས་འབད་པས་སྐྲུན་པ་བཅས་ལ་འབད་མཐར། བསྒྱུར་བ་བཞི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ཀྱི་རང་རྟོགས་བསམ་སྦྱོར་ལ་འགྱུར་བར་བྱེད་དགོས་པར་མ་ཟད། ཏན་ཏན་ཏིག་ཏིག་བཞི་སྤེལ་བའི་བྱ་བ་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་པར་བྱས་ཏེ། རྐང་འཛུགས་ས་གསར་བའི་སྟེང་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། བསྒྱུར་བ་བཞི་བཟང་བོར་བསྒྲུབ་དགོས་ན། རྒྱུད་འཛིན་གྱི་ཁྲོད་ནས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། གསར་གཏོད་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དང་འཕེལ་རྒྱས་ཁ་ཕྱོགས་ལ་གོ་བ་ཡང་དག་ལེན་དགོས། འཕེལ་རྒྱས་ཀྱི་དཀྱོག་མཚམས་ལ་གོ་བ་མ་ནོར་བ་ལེན་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སེམས་ཤུགས་མ་ཉམས་པར་བྱས་ཏེ་བྱས་རྗེས་འཇོག་ཐུབ་དགོས། བསྒྱུར་བའི་སྟེང་སྟོབས་ཤུགས་ཕུལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་འདུ་ཤེས་དང་བསམ་ཕྱོགས། བྱ་བའི་བྱེད་ཕྱོགས་བཅས་བསྒྱུར་ཏེ། གོ་སྐབས་གསར་བ་དམ་འཛིན་བྱེད་དགོས་ཤིང་། རྐང་འཛུགས་ས་མ་ནོར་བ་བྱས་ཏེ། འཕར་ཚད་ཇེ་མགྱོགས་སུ་གཏོང་དགོས། ཧུར་བརྩོན་ཆེན་པོས་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ་དང་། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པ། འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ་བཅས་ལ་འབད་དེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་འཁོར་རྒྱུག་རྣམ་པ་བཟང་བོ་མངོན་འགྱུར་བྱེད་དགོས། མདོར་ན། མཚོ་སྔོན་འདི་ཉིད་སྐྱེ་ཁམས་ཞིང་ཆེན་ཆེ་གྲས་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་བཅས་སུ་འགྱུར་བར་འབད་པ་ལྷོད་མེད་བྱེད་དགོས་ཞེས་བསྟན།
ཝང་ཅན་ཅུན་གྱིས་བསྟན་དོན། བསྒྱུར་བ་བཞི་ནི་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་ཀྱི་དྲིས་ལན་ཡིན་ཞིང་། མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་རང་བཞིན་ལ་བཀོད་སྒྲིག་བསྐྱར་དུ་བྱས་པ་ཞིག་ཀྱང་ཡིན་པར་མ་ཟད། མཚོ་སྔོན་གྱི་འཕེལ་རྒྱས་རིན་ཐང་ལྟ་བའི་བསྐྱར་ཞིབ་ཐེངས་ཤིག་ཀྱང་ཡིན་པ་ལས་གཞན། མཚོ་སྔོན་གྱི་འཕེལ་རྒྱས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བའི་སྒུལ་ཤུགས་གསར་བ་ཡང་ཡིན་ཟེར།
ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མཐོ་རིམ་སློབ་གྲྭ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།