ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་བ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྲང་ཀོང་རུང་དང་ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུ་བའི་དུས་ཚོད་གཏན་འབེབས་ཞེས་པར་གྲོས་ཞིབ་བརྒྱུད་དེ་གྲོས་འཆམ་བྱུང་ཞིང་། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཟི་ལིང་ནས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུ་རྒྱུར་ཐག་བཅད། ཚང་འཛོམས་གྲོས་ཚོགས་སྟེང་དུ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་དགོས་པའི་མཚོ་སྔོན་གྱི་འདེམས་སྒུག་མི་སྣ་དང་སྟ་གོན་མི་སྣ་ཡི་མིང་ཐོའི་གསལ་བཤད་ལ་ཉན་ནས། མིང་དངོས་སུ་མ་བཏོན་པར་འདེམས་ཤོག་འཕེན་པའི་བྱེད་ཐབས་སྤྱད་དེ། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་དགོས་པའི་མཚོ་སྔོན་གྱི་འདེམས་སྒུག་མི་སྣ་དང་སྟ་གོན་མི་སྣ་བདམས།
ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཤུགས་ཆེན་པོས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྟ་གོན་བྱ་བ་དམ་པོར་འཛིན་དགོས། ལོ་ལྔའི་ནང་ཐེངས་གཅིག་ལ་བསྡུ་བཞིན་པའི་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ནི། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་པར་མ་ཟད། དེར་ཀྲུང་དབྱང་གིས་ཐུགས་ཁུར་དང་ཞིང་ཆེན་གྱིས་དོ་ཁུར། མང་ཚོགས་ཀྱིས་རེ་ལྟོས་བཅས་བྱེད་ཀྱིན་ཡོད། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་སྣེ་ཁྲིད་སྤྱི་འདོམས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། འོས་འགན་ཇེ་ཞིབ་ཏུ་གཏོང་བ་དང་འགན་འཁྲི་ཡོངས་འགྲུབ་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ། དེ་མིན་གཞན་པའི་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་ཚན་རིག་གི་ཐབས་ལམ་སྤྱད་དེ་བཀོད་སྒྲིག་ཚགས་དམ་པོ་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ཕན་འབྲས་ལྡན་པ་བྱས་ཏེ། མགྱོགས་མྱུར་ངང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མར་ཏང་གི་འཐུས་མིའི་ཚོགས་ཆེན་ལ་བསུ་མ་བྱེད་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་གྲུབ་པར་བྱས་ནས། ཚོགས་ཆེན་གྱི་བདེ་འཇགས་དང་བདེ་ལེགས་བྱ་བར་འགན་སྲུང་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། བསྒྱུར་བ་བཞི་ཡིད་ལ་དམ་པོར་འཛིན་དགོས་པ་དང་། ཆབ་སྲིད་དང་ཆོས་ཉིད་བརྩི་སྲུང་བྱེད་དགོས། བསམ་བློ་དང་ཀུན་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་འབད་དེ། ཤེས་རབ་དང་སྟོབས་ཤུགས་གཅིག་བསྡུས་བྱས་ནས། མིག་སྔའི་བྱ་བ་གཙོ་བོ་དང་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་ཏེ། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།