ཝང་གོ་ཧྲིན་མཚོ་ཤར་དང་ཡུས་ཧྲུའུ། རྨ་ལྷོ། མགོ་ལོག་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཚོགས་ལ་ཞུགས།
2017.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། བློ་མཐུན་ཝང་གོ་ཧྲིན་སོ་སོར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་མཚོ་ཤར་དང་ཡུས་ཧྲུའུ། རྨ་ལྷོ། མགོ་ལོག་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

གྲོས་ཞིབ་བྱེད་སྐབས། ཝང་གོ་ཧྲིན་གྱིས་ཚང་མར་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་འགྲེལ་ཀློག་བྱས། ཁོས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་མངགས་བཅོལ་ནན་མོ་ནམ་ཡང་སེམས་ལ་བརྟན་པོར་འཛིན་པ་དང་། ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་གནས་ཚུལ། བྱེ་བྲག་གི་ལག་ལེན་བཅས་ཕན་ནུས་ལྡན་པར་ཟུང་སྦྲེལ་བྱས་ཏེ། མཚོ་སྔོན་གྱི་འདས་མ་འོངས་ད་ལྟ་གསུམ་གཅིག་གྱུར་བྱེད་པ་དང་། རྒྱུན་འཛིན་དང་གསར་སྐྲུན་གཉིས་ཟུང་སྦྲེལ་བྱས་ནས། བབ་བསྟུན་མདུན་སྐྱོད་དང་སྔར་སྲོལ་རྒྱུན་འཛིན། མ་འོངས་གསར་གཏོད་བཅས་བྱེད་དགོས། ཡང་དག་པའི་ཇུས་ཆོད་དང་བཀོད་སྒྲིག་ནི་མང་ཚོགས་དང་ཟུང་སྦྲེལ་བྱས་ན་ནུས་པ་ཧ་ཅང་ཆེན་པོ་ཐོན་ཐུབ་པས། ང་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་། མིག་རྒྱ་བསྐྱེད་པ། བསམ་གཞིགས་བྱེད་སྟངས་དང་བྱ་བ་སྒྲུབ་སྟངས་བསྒྱུར་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བར་སྟོང་རྒྱ་བསྐྱེད་པ། འཕེལ་རྒྱས་ཀྱི་ཐབས་ལམ་དང་བྱ་བའི་ཤུགས་འདོན་ས་ཡང་དག་པར་འཚོལ་བ། བསྒྱུར་བ་བཞི་ལག་ལེན་བྱས་ཏེ་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་དངོས་འབེབས་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རླབས་ཆེན་ཇུས་གཞི་དེ་ལས་བྱེད་མང་ཚོགས་ཀྱི་རང་རྟོགས་ཀྱི་འགུལ་སྐྱོད་དུ་བསྒྱུར་དགོས། ང་ཚོས་བྱ་བ་དང་མི་བཀོལ་གྱི་ཁ་ཕྱོགས་གསལ་པོ་གཏན་ཁེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པས་ཁག་ཁུར་བྱེད་ཕོད་པ་དང་སྣེ་ཁྲིད་ནས་དངོས་སྒྲུབ་བྱེད་པར་སྐུལ་སློང་བྱས་ཏེ། དོན་དག་རེ་རེ་བཞིན་དུ་ལག་བསྟར་དང་དངོས་འབེབས་བྱས་ཏེ། མཚོ་སྔོན་གསར་བ་སྐྲུན་དགོས་ཟེར།

གྲོས་ཞིབ་བྱེད་སྐབས། ཝང་གོ་ཧྲིན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྐྱེ་སྟོབས་ལྡན་པའི་ལག་ལེན་ཡིན་པས། ཏང་གི་འཐུས་མིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་ལྟར། འགན་ནུས་ལག་བསྟར་ནན་མོ་དང་། སྙན་ཞུ་ལ་གྲོས་ཞིབ་བཟང་པོ། བྱ་བར་ཇུས་འགོད་བཟང་པོ་བཅས་བྱས་ཏེ། སྣེ་ཁྲིད་ནས་ཚོགས་འདུའི་སྒྲིག་ལམ་བརྩི་སྲུང་བྱས་ཏེ། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱི་བསྟན།