ཝང་གོ་ཧྲིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པ་དང་། བཅིངས་འགྲོལ་དམག་དང་ཀྲུང་དབྱང་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2017.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། བློ་མཐུན་ཝང་གོ་ཧྲིན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་པའི་ཞིང་ཆེན་ཐད་གཏོགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པའི་ཚན་ཁག་བཞི་བ་དང་། བཅིངས་འགྲོལ་དམག་དང་ཀྲུང་དབྱང་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་རྣམས་དང་མཉམ་དུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
 

ང་གོ་ཧྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། བསྒྱུར་བ་བཞི་ཐབས་ཤེས་སུ་བརྩིས་ནས། རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་པ་དང་། མགོ་རྩོམ་ས་དང་བརྒལ་གཏོར་བྱེད་ས་ཡང་དག་པར་འཚོལ་བ། ཀྲུང་དབྱང་གི་བླང་བྱ་དང་མཚོ་སྔོན་གྱི་དོན་དངོས། མི་དམངས་ཀྱི་རེ་སྒུག་བཅས་ཚད་མཐོའི་གཅིག་གྱུར་བྱེད་པ་སྔར་ལས་བཟང་པོར་མཚོན་པ། ཐུན་མོང་གི་ལྟ་བ་ཆགས་པར་བྱེད་པ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་ལ། ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་དོན་ཐོག་བདེན་འཚོལ་གྱིས་འདས་པའི་ལོ་ལྔའི་བྱ་བ་སྤྱི་བསྡོམས་བྱས་ཡོད་པ་དང་། རྗེས་ཕྱོགས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་གྲོས་གཞི་བཏོན་ཡོད་པས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་ཁག་ཐེག་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།