ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་གྱིས་བློ་མཐུན་ཝང་གོ་ཧྲིན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་ཕུལ་བའི་སྙན་ཞུའི་ཐད་ནས་ཟུར་ཁྲིད་རང་བཞིན་གྱི་བརྒྱུད་སྒྲོག་བྱས། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་བློ་མཐུན་ཝང་གོ་ཧྲིན་གྱི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་མདོར་བསྡུས་བྱས། ལོ་ཁྲའོ་ཡཱང་དང་ལིས་ཞོན་ཧྲིན། ཅི་རིན་ཧྥིན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་གྲོས་ཚོགས་ལ་ཞུགས། པའོ་དབྱི་ཀྲི་དང་མཱ་ཀྲི་ཝེ། གཟིམ་ཁང་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚོགས་ཐོག་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། བློ་མཐུན་ཝང་གོ་ཧྲིན་གྱིས་ཕུལ་བའི་བྱ་བའི་སྙན་ཞུ་ཡིས། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ལ། མི་དམངས་ཀྱི་རེ་བ་དང་མཐུན་པ་དང་ཐུན་མོང་གི་རིག་སྟོབས་གཅིག་ཏུ་བསྡུས་ལ། བློ་མཐུན་ཝང་གོ་ཧྲིན་གྱི་བསམ་གཞིགས་མངོན་པར་བྱས་ཡོད་པས། དེ་ནི་ཞིང་ཆེན་ཏང་ཨུའི་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཡིག་ཆ་གལ་ཆེན་རེད་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་རྒྱུས་ལོན་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། རྣམ་པ་སྣ་མང་བརྒྱུད་དེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ནས། བསམ་བློ་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་ཐག་གིས་འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྒྲིལ། བློ་འདོན་ཇུས་འབུལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བ་བཟང་བོར་བསྒྲུབ་པ། རྒྱུན་མ་ཆད་པར་འགན་སྒྲུབ་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ནས། ཏན་ཏན་ཏིག་ཏིག་གི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བསྒྱུར་བ་བཞི་ལག་བསྟར་བྱེད་པ། མ་འོངས་པའི་ལོ་ལྔའི་ནང་དུས་མཉམ་གཅིག་དང་སྔར་ལས་བཞི་ཡི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།