མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
2017.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཆེད་དོན་གྲོས་ཚོགས་བསྡུ་བ་དང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་བསྡུ་བ། ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུ་བའི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་དྲག་པོ་བསླངས། ཚང་མས་ལང་ལོང་གིས། ཏན་ཏན་ཏིག་ཏིག་དང་ཇི་བ་ཇི་བཞིན་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལ་སློབ་སྦྱོང་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་པའི་བརྗོད་སྙིང་དང་ནང་དོན་ཁོང་དུ་ཆུད་པར་བྱེད་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དངོས་གཉེར་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱས་ཏེ། རླབས་ཆེན་འཆར་གཞི་དེ་མངོན་སུམ་དུ་བསྒྱུར་རྒྱུའི་ཚུལ་བསྟན།

ཏང་གི་འཐུས་མིའི་ཚོགས་ཆེན་གྲོལ་བའི་དགོང་མོར། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་དང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་བསྡུས་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བགྲོ་གླེང་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྙན་ཞུ་ནི་ཀྲུང་དབྱང་གི་རེ་བ་དང་མཚོ་སྔོན་གྱི་གནས་ཚུལ་དངོས། མི་དམངས་ཀྱི་འདོད་བློ། དུས་རབས་ཀྱི་འགྲོ་ཕྱོགས་བཅས་དང་མཐུན་པའི་སྙན་ཞུ་བཟང་བོ་ཡིན་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། བསམ་བློའི་མགོ་ཁུངས་དང་བསམ་གཞིགས་ཀྱི་རྣམ་པའི་སྟེང་ནས་བསམ་གཞིགས་གཏོང་བ་དང་གནད་དོན་ལ་ངོས་འཛིན་བྱེད་པ། བསྒྱུར་བ་བཞིའི་ནང་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་གོ་གནས་ཇེ་མཐོར་གཏོང་བ་དང་མིག་རྒྱ་ཆེར་བསྐྱེད་པ། གྲུབ་འབྲས་ཇེ་དྲག་ཏུ་བཏང་སྟེ། ལྗང་མདོག་འཕེལ་རྒྱས་དང་བདེ་སྐྱིད་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་བསྒྱུར་བ་བཞི་ལ་སྐུལ་འདེད་བྱེད་པའི་ཐད་ཀྱི་སྔོན་སྐྱོད་པ་བྱེད་དགོས་ཟེར།

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཅིག་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་པའི་ནང་དོན་གཙོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་དགོས། གཉིས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བརྗོད་དོན་དང་གཙོ་ཐིག་ལ་ཁྱོན་ཡོངས་ནས་ངོས་འཛིན་གསལ་བོ་བྱེད་པ་དང་། བྱེད་ཐབས་གཙོ་བོ་དང་འགན་འཁྲི་གཙོ་བོར་རྒྱུས་ལོན་ཡང་དག་བྱས་ཏེ། མྱུར་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས། གསུམ་ནས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་། ལོ་འགོར་གཏན་ཁེལ་བྱས་པའི་བྱ་བའི་བཀོད་སྒྲིག་དང་ལྷག་པར་དུ་ཉམས་ཞན་ཡིན་ས་དང་འབུར་ཐོན་གནད་དོན་ལ་དམིགས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐག་བཅད་དེ། ཚད་གཞི་མཐོ་བ་དང་རྒྱུ་སྤུས་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཆེད་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས། ཚོགས་ཐོག་ནས། གཅིག་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལ་རྒྱུས་ལོན་གསལ་བོ་དང་སློབ་སྦྱོང་བཟང་བོ་བྱེད་དགོས། གཉིས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་མྱུར་དུ་སློངས་དགོས། གསུམ་ནས་ཏང་གི་འཐུས་མིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བཞི་ནས་གླེང་ཕྱོགས་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས། ལྔ་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་དགོས། དྲུག་ནས་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་དགོས། བདུན་ནས་གནས་ཐིག་གཏན་ཁེལ་ལྟར་ལམ་ཐིག་རི་མོར་བཟོ་བཅོས་བྱེད་དགོས། བརྒྱད་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་སྣེ་ཁྲིད་དུ་བྱས་ནས་མིག་སྔའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ཁུལ་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་ཁག་སོ་སོའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚང་མས་ངེས་པར་དུ་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་བསྒྱུར་བ་བཞིའི་ནང་དོན་དང་བྱེད་ཐབས་ལམ་བུ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ནས་ཕྱིར་བུད་དེ་མཚོ་ལྷོ་ལ་བལྟ་བའི་འདུ་ཤེས་དང་སྤྱོད་ཚུལ་ལག་བསྟར་བྱེད་པ། རང་རྟོགས་སྒོས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཁོག་ལ་དམིགས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བྱ་བར་འཆར་འགོད་བྱེད་པ། མཚོ་ལྷོའི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་འ དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་འདུས་སྡོད་ངང་འཕེལ་རྒྱས་སུ་གཏོང་བའི་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་ཚུལ་བསྟན།

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཚན་ཁག་ཆེན་པོ་བཞི་དང་ཁུལ་ཐད་གཏོགས་སྡེ་ཁག་གི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས། ཚང་མས་མཐའ་གཅིག་ཏུ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་རིང་གི་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མང་ཚོགས་བཅས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་ཟེར། ཚང་མས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་བཟང་བོ་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་དེ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། འབད་འཐབ་ལྷོད་མེད་བྱས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས་ཆེད་དུ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། གོ་རིམ་རྗེས་མར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། དུས་མཉམ་་གཅིག་དང་སྔར་ལས་ལྷག་པ་བཞིའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། ཡུས་ཧྲུའུ་ལ་གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ་དང་། ཁྱད་ཆོས་དགེ་མཚན་འདོན་སྤེལ་བྱེད་པ། འཕེལ་རྒྱས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། ཡུས་ཧྲུའུ་ཡི་མ་འོངས་པར་འཆར་འགོད་བྱེད་པ། སེམས་ཤུགས་གཅིག་བསྒྲིལ་དང་མཐུན་སྒྲིལ་གཅིག་སེམས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། གནད་ཕིགས་དབུལ་ཐར། ཐོན་ལས་ཚུལ་བསྒྱུར་ལེགས་སྒྲིག སྤྱི་ཚོགས་བཅོས་སྐྱོང་གསར་གཏོད། དམངས་ཚིས་འགན་སྲུང་། མཁར་གྲོང་འཛུགས་སྐྲུན། བསམ་པའི་ཁྱིམ་གཞི་འཛུགས་སྐྲུན། རོང་འབྲོག་ཁུལ་བཅོས་བསྒྱུར། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཐད་ཀྱི་བྱ་བ་སྣ་ཚོགས་ལ་དམ་འཛིན་བྱས་ཏེ། རྒྱུན་མ་ཆད་པར་སྔར་ལས་ཇེ་བཟང་དུ་གཏོང་བ་གཉིས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་མ་ཟད་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན། ཁུལ་གོང་འོག་ཡོངས་ནས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་བསྡུ་བ། ཏང་གི་སློབ་གྲྭའི་ཆེད་དོན་གསོ་སྦྱོང་། འཆར་ཁྲིད་ཚོགས་པའི་གཅིག་བསྡུས་སྒྲོག་འགྲེལ། མི་སྒེར་གྱི་རང་སྦྱོང་བྱེད་པ་སོགས་བྱེད་ཐབས་མང་པོ་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་སློང་དགོས་པ་དང་། སྒྲོག་འགྲེལ་ཚན་ཆུང་བཙུགས་ཏེ། ཞང་དང་གྲོང་རྡལ་དང་སྡེ་བ། སློབ་གྲྭ དགོན་སྡེ་བཅས་སུ་སོང་ནས་དུས་ལྟར་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་དུ་བརྒྱུད་སྒྲོག་བྱེད་པ་དང་མང་ཚོགས་ལ་འགྲེལ་བཤད་བྱས་ནས། མང་ཚོགས་ཀྱིས་རང་ཁ་རང་གསོ་དང་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།

བསྟུད་མར་ཉིན་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཏང་ཨུའི་ལྟེ་གནས་ཚན་ཆུང་དང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས། ཚང་མས་བསམ་བློ་དང་འགུལ་སྐྱོབ་གཉིས་གཅིག་གྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། མང་ཚོགས་རེ་འདོད་སྐོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ། གནས་སྐོར་རིག་གནས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ། དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ལེན་པ་སོགས་བྱ་བ་གཙོ་བོར་དམ་འཛིན་བྱེད་དགོས། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལྟར། རང་འགུལ་སྒོས་འགན་འཁྲི་གལ་བསྟར་བྱེད་པ་དང་། ཧུར་ཐག་གིས་གསར་གཏོད་བྱེད་པ། བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བ། ལས་གཉེར་ལས་སྐྲུན་གྱི་བརྩོན་སེམས་དང་གསར་གཏོད་རང་བཞིན་ཆེར་བསྐྱེད་དེ། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་ཚུལ་བསྟན།