ཝང་ཅན་ཅུན་གྱིས་ཡུས་ཧྲུའུ་ནས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2017.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུའི་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ནས། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་གཙང་ལེན་བྱེད་པ། དམངས་ཚིས་འབྱོར་ཕྱུག་ཕན་བདེ་ཡོང་བར་བྱེད་པ་བཅས་ལ་འབད་མཐར། ཡུས་ཧྲུའུ་ཡི་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་དགོས་པ་གཉིས་ཀྱི་རེ་ལྟོས་གསར་བ་སྔ་མོ་ནས་མོངན་འགྱུར་ཡོང་བར་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་སྔ་གཞུག་ཏུ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དང་ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་བཅས་སུ་སོང་བར་མ་ཟད། རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་དང་རྨ་ཆུའི་མགོ་ཁུངས། རྫོང་རྒན་གསོ་ཁང་། ཞང་དང་གྲོང་རྡལ་གྱི་འཕྲོད་སྟེན་ཁང་། དབུལ་སྐྱོར་ཐོན་ལས་ར་བ། སྡོང་ཕྲུག་གསོ་སྤེལ་རྟེན་གཞི་སོགས་སུ་སོང་ནས། སྐྱེ་ཁམས་གནས་ཚུལ་ལ་བལྟས་པ་དང་དམངས་ཚིས་གནད་དོན་ལ་འདྲི་རྟོག དབུལ་ཐར་གནས་ཚུལ་ལ་འདྲི་རྩད་བྱེད་པ། དམངས་དོན་ལ་ཉན་པ། འཆམ་མཐུན་ལ་རྟོག་ཞིབ་བཅས་བྱས།

ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་འཚོ་བའི་ཁོར་ཡུག་ལེགས་པོ་དང་ཁོར་ཡུག་སྲུང་སྐྱོབ་ལ་མ་དངུལ་་གཏོང་བ། ཁོར་ཡུག་འཕེལ་རྒྱས་གཙང་བཅོས་བཅས་ཀྱི་ལས་དོན་ཞིག་ཡིན། ཡུས་ཧྲུའུ་ས་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ན་གནས་པས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཧ་ཅང་ལྕི་བ་དང་། སྐྱེ་ཁམས་སྔོན་དུ་འགྲོ་དགོས་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས། འཐུས་སྒོ་ཚང་བ་དང་ས་ཁོངས་ཚང་བ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཉེར་དགོས། དམ་འཛིན་དང་དངོས་གཉེར་ལེགས་པར་བཟུང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཨ་ཆེན་གངས་རྒྱབ་འདི་ཉིད་འཛམ་གླིང་རང་བྱུང་ཤུལ་བཞག་རིག་གནས་ཁྲོད་ཚུད་པར་སྙན་ཞུ་འབུལ་བའི་བྱ་བ་གཉིས་བསྒྲུབ་ནས། རྨང་རྐང་བརྟན་པོའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་བྱས་ཏེ། དྭངས་གསལ་གཙང་པོ་ལྷུང་ལྷུང་ཤར་དུ་འབབ་པར་བྱེད་དགོས། ཁ་མིན་དོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྐོག་ནས་རྩད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་སྟེང་དུ་ལེན་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཡུས་ཧྲུའུ་ནི་སྐྱེ་ཁམས་ཀྱི་གནད་ས་ཁོ་ན་ཙམ་མ་ཡིན་པར། དྲིན་ཚོར་བའི་ས་གནས་ཤིག་ཀྱང་ཡིན་པས། ཐུན་མོང་མ་ཡིན་པ་ལྔའི་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དང་ཡུས་ཧྲུའུ་ཡི་གནོད་སེལ་རྒུད་སྐྱོབ་སྙིང་སྟོབས་སོགས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ནས། ཡུས་ཧྲུའུ་ཡི་རི་བོ་དང་ཆུ་བོ། མི་བཅས་སྔར་ལས་མཛེས་པར་བྱས་ཏེ། བསམ་པའི་རྟེན་གཞི་ལེགས་པོ་ཞིག་བསྐྲུན་དགོས། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་ས་ཁུལ་གསར་འཛུགས་བྱ་བ་ཡར་ལྡན་དུ་སྤེལ་ནས། བར་མ་ཆད་པའི་ངང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས། བར་མ་ཆད་པའི་སྒོ་ནས་སྤྱི་ཚོགས་འཆམ་པོ་དང་མི་རིགས་མཐུན་པོ། ཆོས་ལུགས་བསྟུན་མཁས། མི་དང་རང་བྱུང་ཁམས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་བོ་ཞིག་གྲུབ་པར་འབད་དེ། ཡུས་ཧྲུའུ་འདི་ཉིད་དུས་ཡུན་རིང་བོར་བརྟན་འཇགས་ངང་ཡར་རྒྱས་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་བསྟན།