མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པ་མཇུག་བསྡུ་བའི་མཛད་སྒོ་དང་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་རྒྱུག་སྐབས་བཞི་བར་བྱ་དགའ་སྟེར་བའི་མཛད་སྒོ་ཞིང་ཆེན་ཟློས་གར་ཁང་ཆེན་མོ་ནས་བསྡུས།
2017.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པ་མཇུག་བསྡུ་བའི་མཛད་སྒོ་དང་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་རྒྱུག་སྐབས་བཞི་བར་བྱ་དགའ་སྟེར་བའི་མཛད་སྒོ་ཞིང་ཆེན་ཟློས་གར་ཁང་ཆེན་མོ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་དང་བླངས་མི་སྣའི་འཐུས་ཚབ་དང་མཉམ་དུ་པེ་ཆིས་སྡེ་ཚོགས་ལ་མཚོ་སྐོར་གློག་སྒུལ་འགྲན་རྒྱུག་སྐབས་བཞི་བའི་བྱ་དགའ་བྱིན་རྗེས། ཁོས་བརྗིད་ཆགས་ཉམས་དགའི་ཁང་བཟང་དང་རང་རང་གི་ཁྱད་ཆོས་དང་མཛེས་པ་ཀུན་ནས་རྫོགས་པ། མཛེས་སྡུག་ཕན་ཚུན་འགྲན་པ་བཞིན་གནས་པ་བཅས་ཀྱི་ཚིག་བཀོལ་ནས་ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་རྒྱུག་ལ་གདེང་འཇོག་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་ཐིན་ཅཱ་ཚའེ། ཝང་ཡུས་པོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་གྲོས་ཚོགས་མཇུག་བསྡུ་བའི་མཛད་སྒོར་ཞུགས། ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ལིས་མེན་གྱིས་ཡུལ་དངོས་ནས་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་གྲུབ་འབྲས་ཁྱབ་སྒྲོག་བྱས།