ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་གྱིས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་བསྡུས།
2017.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་གྱིས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་བསྡུས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆི་ཞུས་ཁྲོན་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གཉིས་ཀྱིས་ཚོགས་ཐོག་ནས་གཏམ་བཤད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པར་ཕུལ་བའི་ཤིས་ཚིག་སྒྲོག་འདོན་བྱས།

ཆི་ཞུས་ཁྲོན་གྱིས་བསྟན་དོན། ལོ་ལྔའི་རིང་ལ། མཚོ་སྔོན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མཛུབ་སྟོན་བསམ་བློར་བཟུང་ནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་དང། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་རྒྱབ་སྐྱོར་དང་མཛུབ་སྟོན་བཅས་ཀྱི་འོག་ཏུ། ནན་ཏན་སྒོས་ཏང་གི་སྲིད་ཞུགས་འགན་ནུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་དང་མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཁྲོད་གནས་པའི་གནད་དོན་གལ་ཆེན་འབད་པས་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་དང་དཀའ་གནད་སོགས་ལ་རྟོག་ཞིབ་ནན་མོ་བྱས་པར་མ་ཟད། ཧུར་བརྩོན་ཆེན་པོས་བློ་འདོན་ཇུས་འབུལ་བྱས། རེ་བ་ཡིན་ན་སྐབས་གསར་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱས་ཏེ། ཐོག་མའི་མཉམ་ལས་ཀྱི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་བར་མ་ཆད་པའི་སྒོ་ནས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། བར་མ་ཆད་པའི་སྒོ་ནས་ཆབ་སྲིད་ལ་གོ་བ་ལེན་པའི་ནུས་པ་དང་སྲིད་ཞུགས་སྲིད་གླེང་གི་ནུས་པ། མགོ་ཁྲིད་ལ་རྩ་འཛུགས་བྱེད་པའི་ནུས་པ། མཉམ་ལས་མཉམ་སྤྱོད་ཀྱི་ནུས་པ། རང་སྟེང་གི་འགལ་བ་འདུམ་པའི་ནུས་པ་བཅས་མངོན་གསལ་ཇེ་དྲག་ཏུ་བཏང་ནས། མཐུན་སྒྲིལ་སྒོས་ཀྲུང་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཚང་མར་སྣེ་ཁྲིད་དེ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དཀྱིལ་སྙིང་དུ་བཟུང་ནས། ཧུར་བརྩོན་ཆེན་པོས་ཏང་གི་སྲིད་ཞུགས་འགན་ནུས་ལག་བསྟར་བྱས་མཐར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཏན་འབེབས་བཟོས་པའི་འགྲོས་མཉམ་པ་གཅིག་དང་སྔར་ལས་ལྷག་པ་བཞིའི་དམིགས་འབེན་ཡོངས་འགྲུབ་ཐད་སྟོབས་ཤུགས་གང་ཡོད་འདོན་པ་དང་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ལིག་ཉིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་བསྡུས་པར་ཤིས་ཚིག་ཕུལ་བའི་བསམ་པ་བསྟན། ཁོས་བཤད་རྒྱུར། ལོ་ལྔའི་རིང་ལ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་རྒྱལ་གཅེས་བསམ་བློ་དང་གསར་བརྗེ་བསམ་བློ། མུ་ནས་མུར་མདུན་དུ་སྐྱོད་པའི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་རྩ་འཛུགས་དང་རྒྱ་ཆེ་བའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་རྣམས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས། ཤེས་རབ་དང་སྟོབས་ཤུགས་གཅིག་བསྡུས་དང་བློ་འདོན་ཇུས་འབུལ་བྱས་ཏེ། མཚོ་སྔོན་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་རླབས་ཆེན་ལག་ལེན་ལ་བྱས་རྗེས་འཇོག་པ་བཅས་ཀྱི་ཁྲོད་དུ་བྱེད་ནུས་མི་དམན་པ་བཏོན་ཡོད་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གིས་ཞིང་ཆེན་ལྟེ་གནས་ཀྱི་རིགས་སོ་སོའི་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ། ཕྱི་སྡོད་རང་མིའི་མཉམ་འབྲེལ། ཐེ་ཝན་སྤུན་ཟླའི་མཉམ་འབྲེལ། ཧོང་ཕུའུ་སློབ་ཚོགས་བཅས་ཀྱི་ཚབ་མཛད་དེ་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རིན་ཨུ་ཡོན་མཱ་ཀྲི་ཝེ་ཡིས་མགོ་རྩོམ་པའི་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆིས་རིན་ཧྥིན་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།