ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱིས་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་མཛུབ་སྟོན་བསམ་བློར་བཟུང་ནས། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཁ་མིག་ཡར་ལྟ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱ་བ་སྒྲུབ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། བྱ་བའི་ཞན་ཆ་དུས་ལྟར་གསབ་པ། དཀའ་ངལ་གང་ལ་འཕྲད་ཀྱང་སྙིང་རུས་མི་ཞུམ་པའི་སྙིང་སྟོབས་བཅངས་ནས་བདེན་འཛིན་དངོས་གཉེར་བྱས་མཐར། བློ་ཐག་རྦད་ཆོད་སྒོས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ལས་དོན་ཆེན་པོ་འདི་རྒྱལ་ཁའི་ངང་བསྡུ་བར་འབད་པ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་བསམ་བློ་ཆེན་པོ་དང་ནང་ཁོག་འཛོམས་པོ། བསམ་གཞིགས་གནད་ཐིངས་བཅས་ཀྱི་ཁྱད་ཆོས་ཀུན་ནས་རྫོགས་པས། ང་ཚོས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་། གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་དབུལ་སྐྱོར་བྱ་བ་དམ་འཛིན་བྱས་ཏེ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་མངོན་པར་མཚོན་པར་མ་ཟད། ང་ཚོ་ལ་སློབ་གསོ་ཐོབ་པ་ལས་གཞན་བར་ཁྱད་ཀྱང་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་སྡུག་རང་བཞིན་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་དེས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་རྣམ་བཤད་མངོན་པར་བསྟན་ནས། ང་ཚོའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་ང་ཚོའི་རྣམ་རིག་ཇེ་གསལ་ལ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ཁྲིད་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་བྱ་བའི་བྱེད་ཕྱོགས་དང་བྱེད་ནུས་དམ་འཛིན་བྱེད་དགོས་པའི་སྐོར་ནས་བཏོན་པའི་བླང་བྱ་དེས། མགོ་ཁྲིད་ལས་བྱེད་པའི་ཚད་གཞི་ལྔ་མངོན་པར་མཚོན་པ་དང་། ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད། མིག་དཔེ་ཆེན་པོ་བསྟན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མགྱོགས་མྱུར་ངང་བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་འབད་དེ། ཁ་མིན་དོན་གྱིས་ལག་ལེན་མཐར་ཕྱིན་གྱི་རང་རྟོགས་རང་བཞིན་ཇེ་མཐོར་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཁ་ཕྱོགས་ཡང་དག་ལ་གོ་བ་མ་ནོར་བ་བླངས་ནས། འདུ་ཤེས་བཞི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་བ་དང་། སློབ་སྦྱོང་གི་གྲུབ་འབྲས་བྱ་བའི་གྲུབ་འབྲས་སུ་བསྒྱུར་ནས། རྨང་རྐང་བརྟན་པོའི་སྒོ་ནས་མཚོ་སྔོན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་དགོས་ཟེར།