ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་དྲུག་ལོན་པར་རྗེས་དྲན་བྱེད་པ་དང་བདུན་གཅིག་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཉི་ཤུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལྔ་བཅུ། ཕུལ་བྱུང་ཏང་གི་ལས་དོན་གཉེར་མཁན་བཅུ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་སྔོན་སྐྱོད་ཐུན་མོང་བཅུ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཕུལ་བྱུང་མི་སྣ་བཅུ། བཅོས་སྒྱུར་གསར་གཏོད་སྔོན་ཐོན་ལས་ཁུངས་ལྔ། འཇོན་ཐང་མི་སྣ་གསོ་སྐྱོང་སྔོན་ཐོན་ལས་ཁུངས་ལྔ། བདེ་ཐང་དབུལ་སྐྱོར་སྔོན་ཐོན་ཚོགས་པ་བཅུ། ཨུ་ཡོན་ལྷན་ཁང་འབྲེལ་བའི་སྔོན་ཐོན་ཁྲུའུ་དང་གཞུང་སྒྲུབ་ཁང་དྲུག ཕུལ་བྱུང་མགོ་ཁྲིད་ལས་བྱེད་པ་ཉེར་གཉིས་བཅས་ལ་གཟེངས་བསྟོད་བྱས།
གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་མ་ལག་གི་རྒྱ་ཆེ་བའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཏན་ཏན་ཏིག་ཏིག་བཞི་དང་སྒྱུར་བ་བཞིའི་བླང་བྱ་ལྟར་དུ། ལས་རྐང་ནས་མགོ་རྩོམ་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པ། ཡར་རྒྱས་ཀྱི་སྙིང་སྟོབས་འཛིན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཁྱོན་ཡོངས་དང་ལས་ཁུངས་དེའི་བྱ་བ་གཙོ་བོའི་འགན་འཁྲི་དཀྱིལ་སྙིང་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་སྲིད་གཙང་འཛུགས་སྐྲུན་བྱེད་པའི་ལས་དོན་ཡར་ལྡན་དུ་སྤེལ་དགོས། ཁྱོན་ཡོངས་ནས་སྨན་བཅོས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱོན་ཡོངས་ནས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་གནད་ས་དམ་འཛིན་བྱས་ཏེ། ཁ་མིན་དོན་གྱིས་སྔོན་གྲས་བསྙེག་པ་དང་དཔེ་སྟོན་གྱི་ནུས་པ་འདོན་པ། གྲུབ་འབྲས་བསྐྲུན་པ་བཅས་མངོན་དུ་འགྱུར་བར་འབད་མཐར། བྱ་བའི་ལས་རིམ་ཁག་སོ་སོ་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་ཟེར།
གྲོས་ཚོགས་ལས་ཏང་གི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་བ་དང་སློབ་གཉིས་བྱེད་གཅིག་གི་ཕན་འབྲས་མངོན་གསལ། བཅོས་སྒྱུར་གསར་གཏོད་ཀྱི་གསོན་སྟོབས། འཇོན་ཐང་མི་སྣ་གསོ་སྐྱོང་རྨང་རྐང་བརྟན་པོའི་ངང་བསྒྲུབས་ནས་ཕན་འབྲས་ལོན་པ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་འབྲས་བུ་སྨིན་པ། བདེ་ཐང་དབུལ་སྐྱོར་དམངས་ཕན། བདེན་དོན་དངོས་གཉེར་མངོན་གསལ་ཡིན་པ་སོགས་ཀྱི་ཐད་ནས། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་མ་ལག་གི་ལས་རིམ་སོ་སོའི་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས།
གྲོས་ཚོགས་ལས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་མ་ལག་གི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས། ཁྱོན་ཡོངས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་ལྟར་དུ། ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། སྒྱུར་བ་བཞིའི་འདུ་ཤེས་གསར་བ་ལྟར། སེམས་ཤུགས་གཅིག་གྱུར་དང་གསར་གཏོད་བརྩོན་ལེན་བྱས་པ་བརྒྱུད། ཁྱོན་ཡོངས་ནས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་བཅོས་སྒྱུར་དང་འཕེལ་རྒྱས་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་གོང་འཕེལ་ལ་བཏང་ནས། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།