ཝང་ཅན་ཅུན་གྱིས་བདུན་གཅིག་གི་སྔོན་ལ་ཏང་ཡོན་རྒན་པ་དང་དཀའ་ངལ་ཆེ་བའི་ཏང་ཡོན་ལས་བྱེད་པ། ལས་གནས་སྟེང་གི་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས།
2017.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

བདུན་གཅིག་གི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། ཏང་ཡོན་རྒན་པ་དང་དཀའ་ངལ་ཆེ་བའི་ཏང་ཡོན། ལས་གནས་སྟེང་གི་ཏང་ཡོན་བཅས་ལ་འཚམས་འདྲི་ཞུས་ཏེ། ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ་བར་མ་ཟད། ཚང་མར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སྣེ་ཁྲིད་དེ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་མུ་མཐུད་དུ་མདུན་སྐྱོད་བྱེད་པ། གུང་ཁྲན་ཏང་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་འབད་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་བཞག་ནས། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་སྐུལ་མ་བཏང་།

ཉིན་དེར། ཝང་ཅན་ཅུན་ཐོག་མར་ཕེན་ཨན་ཆུའུ་ཡི་བདེ་སྐྱིད་གླིང་དུ་སོང་ནས། དཀའ་ངལ་ཆེ་བའི་ཏང་ཡོན་ཆིས་ཏུན་ཡུན་ལ་འཚམས་འདྲི་ཞུས། ད་ལོར་ལོ་རེ་བརྒྱད་ལ་སོན་པའི་ཆིས་ཏུན་ཡུན་གྱི་བཟའ་མི་བཞི་བོས་ལས་འཁྱུར་ངལ་གསོའི་སྒོར་མོ་དང་བུ་ཆུང་ཞོར་ལས་བྱས་པའི་ཡོང་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། ཝང་ཅན་ཅུན་ཆིས་ཏུན་ཡུན་ཚང་གི་འགན་སྲུང་སྡོད་ཁང་ནང་སོང་ནས། ཆིས་ཏུན་ཡུན་གྱི་བདེ་ཐང་གནས་ཚུལ་དང་འཚོ་བའི་གནས་ཚུལ། སྤྱི་ཚོགས་འགན་སྲུང་སྲིད་ཇུས་དངོས་འབེབས་བྱས་པའི་གནས་ཚུལ་སོགས་ལ་འདྲི་རྩད་བྱས་ཏེ། ཏང་དང་སྲིད་གཞུང་གི་བྱ་བའི་སྐོར་ནས་བསམ་འཆར་བསྡུ་ལེན་བྱས། ཝང་ཅན་ཅུན་གྱིས་ཆིས་ཏུན་ཡུན་ནི་ཏང་ཡོན་རྒན་པ་ཞིག་ཡིན་པ་དང་གཞིས་ཁུལ་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་པར་མ་ཟད། ཧུར་བརྩོན་ཆེན་པོས་གཞིས་ཁུལ་རྩ་འཛུགས་ཀྱི་དང་བླངས་ཞབས་ཞུའི་ཁྲོད་ཞུགས་པ་དང་། ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་བྱ་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་འགུལ་ཁྲོད་ཞུགས་བཞིན་པ་གོ་བས་ཡིད་སེམས་དགའ་སྤྲོས་ཁེངས། ཝང་ཅན་ཅུན་གྱིས་ཏང་ཡོན་རྒན་པར་མུ་མཐུད་དུ་རང་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་བརྩོན་ཆེན་པོས་ཏང་རྩ་འཛུགས་ཀྱི་བྱ་འགུལ་ཁྲོད་ཞུགས་ནས། ཉེ་འཁོར་གྱི་མང་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་པའི་་སྐུལ་མ་བཏང་བར་མ་ཟད། འབྲེལ་ཡོད་འགན་ཁུར་མི་སྣར་ཏང་ཡོན་རྒན་པར་སེམས་ཁུར་མང་ཙམ་བྱེད་པ་དང་། ཁྱད་པར་དུ་དཀའ་ངལ་ཆེ་བའི་ཏང་ཡོན་ལས་བྱེད་པའི་འཚོ་བ་དང་ཉེར་མཁོའི་ཕྱོགས་སུ་སེམས་པ་གཏད་དེ། དུས་ལྟར་ཁོ་ཚོའི་དཀའ་ངལ་སེལ་རོགས་བྱེད་དགོས་པའི་མངགས་བཅོལ་བྱས།

ཕེན་ཨན་ཆུའུ་ཏུང་ཀྲོང་སྡེ་བའི་ཏང་ཡོན་རྒན་པ་ལིག་ཝེ་ཨན་ནི་གཅིག་དགུ་དོན་གཉིས་ལོར་དམག་དཔུང་གི་ནང་ནས་བུད་དེ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར། ཝང་ཅན་ཅུན་གྱིས་ལིག་ཝེ་ཨན་གྱི་ཁྱིམ་དུ་ཏང་ཡོན་རྒན་པའི་ལག་མགོར་འཇུས་ཏེ་གླེང་མོལ་བྱས་ནས། ཏང་ཡོན་རྒན་པ་དམག་དང་ཏང་ནང་དུ་ཞུགས་ཚུལ་ནས་བྱ་བའི་འཚོ་བ། བུ་དང་བུ་མོའི་ལས་ཞུགས་སོགས་ཀྱི་གནས་ཚུལ་སྐོར་ནས་རྒྱུས་ལོན་ཞིབ་མོ་བྱས། ལོ་དོན་གཉིས་ལ་སོན་པའི་ལིག་ཝེ་ཨན་གྱིས་ཧྲིན་ཀྲང་ལ་བརྗེད་དཀའི་དམག་དཔུང་གི་འཚོ་བ་དང་བྱ་བའི་ཉམས་མྱོང་བཤད། སྔོན་ཆད་ཁོའི་ཆུང་མས་ཀྱང་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་འགན་ཁུར་མྱོང་བ་གོ་བས། ཝང་ཅན་ཅུན་གྱིས་བཟའ་ཟླ་གཉིས་ཀྱིས་སྡེ་བའི་ནང་བསྒྲུབས་པའི་ལས་དོན་མཐའ་དག་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོ་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པའི་སྤྱོད་ལམ་དང་བྱེད་ཕྱོགས་ལ་གཞི་རྩའི་ཆ་ནས་འགྱུར་བ་བྱུང་ཡོད། རེ་བ་ཡིན་ན་ཁྱོད་ཚོས་མུ་མཐུད་ཏང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་ཡོངས་ལ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བྱས་ནས། མི་རབས་རྗེས་མར་སློབ་གསོ་ཡག་པོ་གཏོང་བ་དང་། མང་ཚོགས་ཚང་མར་ཏང་གི་ཅི་གསུང་དང་དུ་ལེན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ཏང་གི་དྲིན་ལན་གསབ་པ་བཅས་ཡོང་བར་སྣེ་སྟོན་བྱས་ཏེ། འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འབད་དགོས་ཟེར།

དེའི་རྗེས་ནས་ཝང་ཅན་ཅུན་མིན་ཞའོ་གཞུང་ལམ་ལིག་ཧྲུའུ་ཝན་གྱི་ལམ་གླ་བསྡུ་སར་སོང་ནས། ལས་གནས་སྟེང་གི་ཏང་ཡོན་ཅང་པུན་ཧྭ་དང་ལམ་གླ་བསྡུ་སའི་ས་ཚིགས་ཀྱི་ལས་བཟོ་བ་ཅུན་ཅེ་གཉིས་ལ་འཚམས་འདྲི་ཞུས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཏང་གི་དགུང་གྲངས་གོ་དྲུག་གི་སྐྱེས་སྐར་བསུ་ལ་ཉེ་བའི་སྐབས་འདིར། ངས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲུའུ་ཅི་ཝང་གོ་ཧྲིན་བཅས་ཀྱི་ཚབ་བྱས་ཏེ། ཁྱོད་གཉིས་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ལས་གནས་སྟེང་གི་ཏང་ཡོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་ཡིན། ཚང་མས་ལས་རྐང་དཀྱུས་མའི་སྟེང་ནས་བྱས་རྗེས་མི་དམན་པ་བཞག་པར་ཐུགས་རྗེ་ཆེ། རེ་བ་ཡིན་ན་ཁྱོད་ཚོས་དུས་རྣམ་ཀུན་ཏུ་ཏང་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རྐང་དངོས་ནས་རྐང་བཙུགས་ཏེ་བྱ་བ་འབད་པས་བསྒྲུབ་ནས། མདུན་སྐྱོད་བརྩོན་ལེན་དང་སྔོན་སྐྱོད་བརྩོན་ལེན་བྱས་ཏེ། མཚོ་སྔོན་ལ་དགའ་ཞེན་བཅངས་མཐར། མཚོ་སྔོན་འཛུགས་སྐྲུན་ཐད་བྱས་རྗེས་བཞག་ནས། མཉམ་དུ་འཚོ་བ་སྐྱིད་པོ་གསར་སྐྲུན་བྱེད་དགོས་ཟེར།