མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཁ་གཏད་རོགས་སྐྱོར་དང་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་ཡུལ་སྐོར་ཁྱབ་བརྡལ་མནའ་འབྲེལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2017.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བདུན་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཁ་གཏད་རོགས་སྐྱོར་དང་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་ཡུལ་སྐོར་ཁྱབ་བརྡལ་མནའ་འབྲེལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་འདུ་ལས་མཚོ་སྔོན་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་བར་གྱི་ཡུལ་སྐོར་བརྗེ་རེས་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱིས་ལོ་ངོ་དུ་མར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཁ་གཏད་རོགས་སྐྱོར་བྱ་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་ནས། མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་ཡུལ་སྐོར་ཁྱབ་བརྡལ་མནའ་འབྲེལ་ཁོངས་གཏོགས་ལས་ཁུངས་ཕན་ཚུན་བར་ཐོན་ཁུངས་གསར་སྤེལ་དང་ཁྲོམ་ར་གསོ་སྤེལ། ཕྱི་ཕྱོགས་ཉོ་ཚོང་བཅས་ཀྱི་མཉམ་ལས་ལམ་བུ་འཚོལ་དཔྱོད་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། པེ་ཅིན་དང་ཀན་སུའུ། ཧྲན་ཏུང་། ཧི་པེ། ཧྲན་ཞི། ཧི་ནན། ཧྲཱན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཁག་དང་། ཡུལ་སྐོར་ཁེ་ལས་གཉིས་ཀྱི་འཐུས་མིས་བརྗེ་རེས་གཏམ་བཤད་བྱས་ཏེ། ཚང་མས་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་བརྗེ་རེས་ཇུས་ཆེན་ལ་གྲོས་བསྡུར་བྱས་ནས། མཚོ་སྔོན་འདི་ཉིད་ཡུལ་སྐོར་མིང་གྲགས་ཅན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གསར་བ་བསྣན་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་མདུན་ལྗོངས་གསར་བ་བསྐྲུན།