ཝང་གོ་ཧྲིན་གྱིས་ཞང་ཀང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བརྗེ་རེས་ཚོགས་པ་མཚོ་སྔོན་དུ་ཡོང་བར་ཐུག་འཕྲད་བྱས།
2017.07.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཟི་ལིང་ནས་ཞང་ཀང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡའེ་ཧྲོན་ཞིན་གྱིས་སྣེ་ཁྲིད་པའི་ཞང་ཀང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོ་སྔོན་དུ་ཡོང་བའི་བརྗེ་རེས་ཚོགས་པར་ཐུག་འཕྲད་བྱས་ཏེ། མཉམ་དུ་མཚོ་སྔོན་དང་ཞང་ཀང་གི་བུད་མེད་བྱ་བའི་མཉམ་ལས་འཕེལ་རྒྱས་ཐད་གྲོས་སྡུར་བྱས།

ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཡའེ་ཧྲོན་ཞིན་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་ཤིང་། ཞང་ཀང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མཚོ་སྔོན་དང་ཞང་ཀང་གི་བརྗེ་རེས་མཉམ་ལས་ཐད་བཞག་པའི་བྱས་རྗེས་དང་བརྩོན་སེམས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་དངོས་སུ་ཞུགས་ཏེ། ཞང་ཀང་གི་མ་འོངས་པའི་འཕེལ་རྒྱས་ལ་ལམ་ཕྱོགས་གསལ་བོ་བསྟན། ཉེ་ལམ། ལེའོ་ཉིན་རྟགས་ཅན་གྱི་དམག་གྲུ་ཆེན་པོས་ཞང་ཀང་ལ་འདྲི་རྩད་བྱས་ཤིང་། ཞང་ཀང་མི་དམངས་ཀྱིས་ཀྱང་ཕན་ཚུན་ལ་བསྡུར་གཤིབ་བྱས་ཏེ། མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་དར་བའི་རྣམ་པ་རང་གི་ང་རྒྱལ་དུ་བརྩིས། དོན་དངོས་ལས་ར་སྤྲད་པ་ནང་བཞིན། མེས་རྒྱལ་གྱི་སྟོབས་འབྱོར་ནི་ཞང་ཀང་གི་ཡར་རྒྱས་བརྟན་འཇགས་ཀྱི་རྒྱུན་མཐུད་འབྲས་བུ་ཡིན། མེས་རྒྱལ་གྱི་ཁྱིམ་གཞི་ཆེན་མོའི་ནང་དུ་ས་གནས་ཚང་མ་ཤ་ཉེ་སྤུན་མཆེད་ནང་བཞིན་འཚོ་ཞིང་གནས་པ་དང་། མི་རིགས་སོ་སོ་འཆམ་མཐུན་འདྲེས་སྦྱོར་བྱས་ཡོད། ཞང་ཀང་དང་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ཐམས་ཅད་མེས་རྒྱལ་གྱི་རུམ་ཁོང་དྲོན་མོ་དང་ཁ་འབྲལ་ཐབས་རྩ་བ་ནས་མེད་ཟེར།

ཝང་གོ་ཧྲིན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས་བཤད་རྒྱུར། བུད་མེད་ནི་སྤྱི་ཚོགས་འཕེལ་རྒྱས་གཏོང་བྱེད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། གནམ་ཀྱི་ཕྱེད་ཀ་ལྟ་བུའི་བྱེད་ནུས་གལ་ཆེན་བཏོན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བུད་མེད་ལས་དོན་དང་བུད་མེད་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། བུད་མེད་ལས་དོན་མཚོ་བཞིན་རྒྱས་པར་སྐུལ་འདེད་གཏོང་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུད་མེད་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཐད་བྱེད་ནུས་འབུར་ཐོན་དང་བྱས་རྗེས་ཆེན་པོ་བཞག་ཡོད། ཉེ་བའི་ལོ་འདི་འགར། མཚོ་སྔོན་དང་ཞང་ཀང་གཉིས་ཀྱི་བརྗེ་རེས་གཏིང་ཟབ་སྤེལ་བའི་འགྲོས་དང་བསྟུན་ནས། ས་གནས་གཉིས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འབྲེལ་བ་ཡང་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། མཚོ་སྔོན་ལ་ལོ་རྒྱུས་རྒྱུན་རིང་ལྡན་ཞིང་རིག་གནས་སྣ་འདུས་ཡིན་པར་མ་ཟད། སྐྱེ་ཁམས་གོ་གནས་འགངས་ཆེན་ཟིན་ཡོད་པས། བརྗེ་རེས་ཚོགས་པ་མཚོ་སྔོན་དུ་ཡོང་ནས་མཛེས་པའི་མཚོ་སྔོན་གྱི་ཁྱད་ཆོས་དང་མི་ཆོས་ཁྱད་གཤིས་ལ་དངོས་སུ་མྱོང་རོལ་བྱེད་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། མཛའ་བརྩེ་ཇེ་དམ་དུ་གཏོང་བ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བར་ཤུགས་བསྣན་མཐར། ས་གནས་གཉིས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་མཉམ་དུ་འཕེལ་བར་སྐུལ་འདོད་གཏོང་རྒྱུའི་ཐད་རེ་འབོད་བྱས།

ཡའེ་ཧྲོན་ཞིན་གྱིས་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཁོ་མོར་ཐུག་འཕྲད་བྱས་པ་དང་། མཚོ་སྔོན་གྱི་སྣེ་ལེན་གཟབ་རྒྱས་ལ་བཀའ་དྲིན་ཞུས། ཁོ་མོས་བཤད་རྒྱུར། ས་གནས་གཉིས་ཀྱི་བར་ཐག་རིང་ཡང་བརྩེ་བ་ཧ་ཅང་ཉེ། མཚོ་སྔོན་གྱི་ས་གཞིའི་ཁྱོན་ལ་རྐང་བ་སྤོས་མ་ཐག་གནས་འདིའི་འཕེལ་རྒྱས་ཀྱི་འགྲོས་མགྱོགས་པོ་དང་གསོན་སྟོབས་ཉམས་སུ་མྱོང་ཐུབ་པར་མ་ཟད། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཞང་ཀང་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་ཅིག་ཅར་རྟོགས་ཐུབ་ཟེར།

ཝང་ཡུས་ཡན་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས།