ཝང་གོ་ཧྲིན་གྱིས་དངུལ་རྩའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་དང་ལྷན་དུ་བཞུགས་མོལ་བྱས།
2017.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་དངུལ་རྩའི་ལས་ཁུངས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་དང་ལྷན་དུ་བཞུགས་མོལ་བྱས། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་བའི་ཐད་གནང་བའི་གཏམ་བཤད་དགོངས་དོན་སྣེ་སྟོན་དུ་བཟུང་ནས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་ལག་ལེན་ནན་ཏན་བྱེད་དགོས་ཤིང་། དངུལ་རྩའི་སྐོར་ལ་སློབ་སྦྱོང་དང་དངུལ་རྩ་བཀོལ་ཤེས་བྱེད་པར་ཧུར་བརྩོན་བྱས་ཏེ། དངུལ་རྩའི་བཅོས་སྒྱུར་གསར་གཏོད་བྱ་བ་ཡར་ལྡན་དུ་སྤེལ་དགོས་པ་དང་། ལྟ་སྐུལ་དོ་དམ་བྱེད་ནུས་མཐོར་འདེགས་དང་དེར་ལེགས་བཅོས་བྱས་ནས། དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་བྱེད་ནུས་དང་ཉེན་འགོག་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་མཐར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་གཏོང་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་མཚོ་སྔོན་གྱི་དངུལ་རྩའི་བྱ་བས་ཉེ་བའི་ལོ་འདི་དག་གི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཤིང་། དངུལ་རྩའི་ལས་ཁུངས་ཁག་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ལ་རྒྱས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ལོ་ངོ་དུ་མའི་རིང་ལ། མཚོ་སྔོན་གྱི་དངུལ་རྩའི་བྱ་བས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སོ་སོའི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ཡར་རྒྱས་གོང་འཕེལ་བྱུང་ཡོད་པར་མ་ཟད། དཔུལ་རྩས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་ཤུགས་དང་སྒུལ་ཤུགས་རྫོགས་མེད་འདོན་སྤྲོད་བྱས་ཏེ། དངུལ་རྩ་འཁོར་རྒྱུག་བྱ་བར་སྤྱི་ཕྱོགས་ནས་རྣམ་པ་བཟང་བོ་མངོན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་པ་དང་། དངུལ་རྩ་གསོན་པོ་ཡིན་ན་དཔལ་འབྱོར་ཡང་དེ་བསྟུན་གསོན་ཤུགས་ཀྱིས་བརྟས་ཡོད་ཅིང་། དངུལ་རྩ་བརྟན་འཇགས་ཡོང་ན་དཔལ་འབྱོར་ཡང་དེ་བསྟུན་བརྟན་འཇགས་ཡོང་ངེས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་དངུལ་རྩའི་བྱ་བར་མཐོང་ཆེན་བླ་མེད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་ནས། དངུལ་རྩ་ཞེས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣ་ཐིག་དམ་འཛིན་བྱེད་དགོས། དངུལ་རྩ་གསར་གཏོད་བྱས་པ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་ཤིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་བར་མ་ཆད་པའི་ངང་ཇེ་དྲག་ཏུ་གཏོང་བར་ཁ་ལོ་བསྒྱུར་དགོས་ཞེས་བསྟན།