ལཱ་ཡེའོ་ཝེ་ཆི.ཏུའུ་སང་ལ་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་གཉིས་པའི་བྱ་དགའ་ཨང་དང་པོ་ཐོབ།
2017.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

2017ལོའི་མཚོ་སྔོན་ཞིང་སྡེའི་ཡིད་རྟོན་རྟགས་མའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་གཉིས་པ་ཟི་ལིང་ལ་སྐོར་བ་རྒྱག་པའི་འགྲན་བསྡུར་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་སྤེལ་བ་དང་། སི་ལོ་ཝུན་ཉི་ཡཱ.འེ་ཏི་ལེ་ཡཱ.མའོ་པེ་ཨར་རུ་ཁག་གི་ལཱ་ཡེའོ་ཝེ་ཆི.ཏུའུ་སང་ལ་འགྲན་རིམ་གཉིས་པའི་བྱ་དགའ་ཨང་དང་པོ་དང་མི་སྒེར་གྱི་མཆོང་རྒྱུག་ཐད་ཀྱི་བྱ་དགའ་ཨང་དང་པོ་ཐོབ། མཚོ་སྔོན་ཐེན་ཡོ་ཏི་རུ་ཁག་གི་ཀྲང་ཀྲི་ཧྲན་ལ་ཡཱ་གླིང་གི་ཆེས་བཟང་བའི་ལྕགས་རྟ་ཞོན་མཁན་གྱི་མཚོན་རྟགས་སྟོད་ལྭ་སྔོན་པོ་བྱིན།

འགྲན་ཞུགས་པ་བརྒྱ་དང་ཞེ་དྲུག་གིས་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་དེ། མཇུག་མཐར་སི་ལོ་ཝུན་ཉི་ཡཱ.ཨེ་ཏི་ལེ་ཡཱ.མའོ་པེ་ཨར་རུ་ཁག་གི་ལཱ་ཡེའོ་ཝེ་ཆི.ཏུའུ་སང་ལ་མི་སྒེར་གྱི་སྤྱིའི་མཇུག་འབྲས་ཀྱི་བྱ་དགའ་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་དང་མི་སྒེར་གྱི་མཆོངས་རྒྱུག་སྐར་མ་ཆེས་མཐོ་བའི་མཚོན་རྟགས་ཀྱི་སྟོད་ལྭ་ལྗང་ཁུ་བྱིན་པ་དང་། ལར་འཛེག་ས་མེད་པའི་རྐྱེན་གྱིས། སྟོད་ལྭ་ཁྲ་ཁྲ་དེ་མུ་མཐུད་དུ་འགྲན་རིམ་དང་པོའི་ཁྲོད་ལར་འཛེག་མཁན་གྱི་བྱ་དགའ་ཐོབ་པའི་ཐུར་ཁེ་ཐའོ་ཁུའུ་རུ་ཁག་གི་ནཱ་ཆི་མུའུ.པཱ་ཁི་ཆི་ལ་བྱིན།