མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་གསུམ་པའི་གནས་ཚུལ།
2017.07.19 ཁུངས། ཀློག་གྲངས། 1

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་སྡེ་ཡིད་རྟོན་དངུལ་ཁང་རྟགས་མའི་རྒྱལ་སྤྱིའི་གཞུང་ལམ་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་སྐབས་བཅུ་དྲུག་པའི་འགྲན་རིམ་གསུམ་པ་སྟེ། སྟོད་པ་ནས་ཁྲི་ཀའི་བར་གྱི་འགྲན་ཁུལ་ནས། འགྲན་ཞུགས་པ་རྣམས་ཀྱིས་ཐེངས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་ཆེས་དཀའ་ཤོས་བསུས། ས་བབ་མཐོ་ལ་དཀའ་ཚེགས་ཆེ་བ། ལུས་རྩལ་གྱི་ཚད་མཐོ་བའི་འགྲན་ཁུལ་ཉམས་སུ་མྱངས། འགྲན་ཞུགས་པ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསལ་མཐར། གླེང་རིན་ཡོད་པ་ཞིག་ནི་མཚོ་སྔོན་ཐེན་ཡུག་ཏི་རུ་དཔུང་གིས་ཐེངས་འདིའི་རྒྱུག་འགྲན་ལས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཆོ་ན་སུན་མིན་སའེ་ཧྥུའུ་ཡིས་བྱ་དགའ་ཨང་གཉིས་པ་བླངས།