བློ་མཐུན་ཝང་ཀྲའོ་སྐུ་བལྟམས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2017.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་དང་ཧི་པེ་ཞིང་ཆེན། སྤྱི་བདེ་པུའུ་བཅས་ཀྱིས་ཟི་ལིང་ནས་མཉམ་འབྲེལ་སྒོས་བློ་མཐུན་ཝང་ཀྲའོ་སྐུ་བལྟམས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཆི་ཐུང་ཧྲིན། སྤྱི་བདེ་པུའུ་ཏང་ཨུའི་ཨུ་ཡོན། སྤྱི་བདེ་པུའུ་རུ་སྡོད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཏིན་ཝེ་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན། ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཐེན་ཞང་ལིས་བཅས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་སངས་རྒྱས་སྐྱབས་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝེ་ཧྲིག་ལང་། ཧི་པེ་ཞིང་ཆེན་ཕིང་ཧྲན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིས་ཞུའུ་ཡང་། ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་ཙུང་ཀྲེ་གྲོང་རྡལ་ཙོང་ནན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐང་ཙུན་ཅི། སྤྱི་བདེ་པུའུ་ཡི་ལུས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པའི་འཐུས་མི་སུང་ཙི་ཁོན། བློ་མཐུན་ཝང་ཀྲའོ་ཡི་བུ་ཝང་ཡན་ཧྲིན་བཅས་ཀྱིས་སྔ་གཞུག་བྱས་ནས་གཏམ་བཤད་དེ། བློ་མཐུན་ཝང་ཀྲའོ་ཡི་འབད་འཐབ་བཞུད་ལམ་དང་རླབས་ཆེན་གྲུབ་འབྲས་དྲན་གསོ་བྱས་པར་མ་ཟད། བློ་མཐུན་ཝང་ཀྲའོ་ལགས་ལ་གུས་འདུད་བླ་མེད་ཞུས།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་བློ་མཐུན་ཝང་ཀྲའོ་ལགས་ཀྱི་མི་ཚེ་ལ་ཕྱིར་དྲན་བྱས། ཁོས་བསྟན་དོན། བློ་མཐུན་ཝང་ཀྲའོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་བློ་དཀར་གཞུང་དྲང་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ང་ཚོ་ཏང་གི་ཕུལ་བྱུང་མགོ་ཁྲིད་ལས་བྱེད་པ། མི་དམངས་བཅིངས་འགྲོལ་དམག་གི་ཕུལ་བྱུང་དམག་སྤྱི། ཕིང་ཧྲན་དང་ཅི་ཞི་གསར་བརྗེ་གནས་གཞིའི་ཏང་གསར་འཛུགས་པའི་གྲས་ཀྱི་གཅིག་བཅས་ཡིན། ཁོའི་མི་ཚེ་ནི་གསར་བརྗེ་ཡི་མི་ཚེ་ཞིག་ཡིན་པ་དང་འཐབ་རྩོད་ཀྱི་མི་ཚེ་ཞིག་ཀྱང་ཡིན། དེ་མིན་ད་དུང་ཏང་གི་ལས་དོན་ལ་བྱས་རྗེས་ངོམས་མེད་དུ་བཞག་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པའི་མི་ཚེ་ཞིག་ཀྱང་ཡིན། ཁོང་གིས་ལོ་རྒྱུས་ལ་བཞག་པའི་བྱས་རྗེས་དང་ཕུལ་བྱུང་བསམ་སྤྱོད་དུས་རྟག་པར་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཡོད་པར་མ་ཟད། མི་དམངས་ཀྱི་སེམས་ཁོང་ན་རྟག་པར་གསོན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། བློ་མཐུན་ཝང་ཀྲའོ་ལགས་ལ་རྗེས་དྲན་ཞུ་བ་ནི། ཁོང་གིས་མང་ཚོགས་ལ་བཅངས་པའི་བརྩེ་སེམས་དང་མི་དམངས་ཀྱི་ཆེད་དུ་བློས་བཏང་བའི་བློ་ཁོག་ཡངས་མོར་སློབ་སྦྱོང་བྱེད་པའི་ཆེད་དུ་ཡིན། ཏང་གི་མང་ཚོགས་ལམ་ཕྱོགས་དང་མང་ཚོགས་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་ཡིད་ལ་བརྟན་པོར་བཅངས་པ། གཞི་རིམ་དང་མང་ཚོགས་ལ་ཟབ་ཞུགས་དང་རྒྱུས་ལོན་གཏིང་ཟབ་བྱས་པ་བཅས་ལ་བརྟེན་ནས། མང་ཚོགས་ཚང་མ་རང་ཉིད་ཀྱི་ཤ་ཉེ་ལྟར་བརྩིས་པ་དང་། མང་ཚོགས་ཀྱི་ལས་དོན་ལས་སྒོ་ཆེན་པོ་ཞིག་ལ་བརྩིས་ཏེ་འབད་པས་བསྒྲུབས་པ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་བཞིན་པའི་དབུལ་སྐྱོར་དང་དབུལ་ཐར། ལས་ཞུགས། ཡོང་སྒོ་འཕར་སྣོན། སློབ་གསོ་འདྲ་མཉམ། སྨན་བཅོས་བདེ་ཐང་། དངོས་གོང་བརྟན་འཇགས་ཚོད་འཛིན་བྱེད་པ། བདེ་འཇགས་བརྟན་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས།

ཝང་ཅན་ཅུན་གྱིས་མགོ་འཛིན་བྱེད་སྐབས་གཏམ་བཤད་དེ་བསྟན་དོན། དད་པའི་སྟོབས་ཤུགས་ནི་གཏིང་ཟབ་པ་དང་། སྔོན་རབས་པའི་མཛད་རྗེས་བརྒྱུད་སྤྲོད་བྱས་ཏེ། དཔེ་སྟོན་གྱི་བྱེད་ནུས་ཀྱིས་མི་སེམས་ལ་ངར་ལྡུད་ཐུབ་དགོས། ཧྲིན་ཀྲང་རྙིང་བ་ཝང་ཀྲའོ་ལགས་ཀྱི་སྟེང་ན། ཆབ་སྲིད་བརྩི་ཞིང་བློ་དཀར་གཞུང་དྲང་ཡིན་པ། དགོངས་སྙིང་རྟོགས་པ། ཏང་གཤིས་བརྩི་བ། ལ་རྒྱ་སྲུང་བ། འགན་འཁྲི་ཕྲག་སྟེང་དུ་ལེན་པ་བཅས་ཀྱི་བླ་མེད་སྤྱོད་བཟང་མཐོང་ཐུབ། ང་ཚོས་བློ་མཐུན་ཝང་ཀྲའོ་ནང་བཞིན་སློབ་སྦྱོང་དང་ལག་ལེན། བྱ་བ། འཚོ་བ་བཅས་རོལ་ནས། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་རེཀྱི་་བ་སྟོང་ཟད་དུ་མི་གཏོང་བར་བྱས་རྗེས་བཞག་ནས། ཧྲིན་ཀྲང་རྒན་པ་ཝང་ཀྲའོ་ལགས་ཀྱི་སྙིང་སྟོབས་སོན་བཟང་མཚོ་སྔོན་གྱི་ས་གཞིའི་སྟེང་གཏོར་ནས། མཚོ་སྔོན་གྱི་ས་གཞིའི་སྟེང་གི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པའི་གོ་རིམ་ཁྲོད་དུ་ཕན་ཁེ་ཐོབ་པར་བྱེད་ཟེར།

ཚོགས་ཞུགས་པ་རྣམས་ཀྱིས་ཡིག་ཚགས་དངོས་བྲིས་ཏེ། མི་དམངས་ཀྱི་ཧྲིན་ཀྲང་བཟང་བོ་ཝང་ཀྲའོ་ཞེས་པར་བལྟས་པར་མ་ཟད། བློ་མཐུན་ཝང་ཀྲའོ་སྐུ་བལྟམས་ནས་ལོ་འཁོར་བརྒྱ་ལོན་པའི་པར་རིས་འགྲེམ་སྟོན་ལ་ཡང་བལྟས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཐིན་ཅཱ་ཚའེ་དང་ཀྲང་ཞི་མེན། ཝང་ཡུས་པོ། ཡུས་ཚུང་ལི། མཱ་ཅི་ཞའོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན། བློ་མཐུན་རྒན་པ་ཡའོ་ཞང་ཁྲིན་དང་། མཱ་ཧྥུའུ་ཧེ། བློ་མཐུན་ཝང་ཀྲའོ་ལགས་ཀྱི་གཉེན་ཉེ་གྲོགས་པོ་བཅས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཁག་གི་འགན་ཁུར་བློ་མཐུན། མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི། ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས།