མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་དྲུག་པའི་ཁྲོད་མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ནཱ་སིན་ལ་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོའི་བྱ་དགའ་ཐོབ།
2017.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

2017ལོའི་མཚོ་སྔོན་ཞིང་སྡེའི་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་གྱི་རྒྱལ་མོའི་འགྲན་རིམ་སྟེ་ཆི་ལེན་འགྲན་རྒྱུག་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་སྤེལ། མཚོ་སྐོར་རྒྱུག་འགྲན་གྱི་ལོ་རྒྱུས་སྟེང་ཆེས་དཀའ་བའི་འགྲན་རིམ་དེའི་ཁྲོད། ཨང་རྟགས་ཉིས་བརྒྱ་དང་བཅུ་དྲུག་པ་མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ནཱ་སིན.མིན་སེ་ཧྥུའུ་ཡིས་དཀའ་ཁག་ཆེ་བའི་ལམ་རིམ་ཁྲོད་ཀྱི་གྲུབ་འབྲས་བཟང་བོར་བརྟེན་ནས། མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་གོན་ཐུབ་པ་བྱུང་ལ། ཨང་རྟགས་དང་པོ་དབྱི་ཐ་ལིའི་རི་པཱང_ཝེ་ཉི་ཧྥན་ཏེ་ཉི་འགྲན་ཞུགས་རུ་ཁག་གི་ཁུའུ་ནེ་ཀི.ཏཱ་མེ་ཡ་ནོ་ཡིས་དུས་ཚོད་གཉིས་སྐར་ཆ་ང་བདུན་གྱི་གྲུབ་འབྲས་བཟང་བོ་བླངས་ནས་འགྲན་རིམ་གྱི་བྱ་དགའ་ཨང་དང་པོ་ཐོབ།

འགྲན་རིམ་དྲུག་པ་ཆི་ལེན་འགྲན་རྒྱུག་གི་སྤྱིའི་རིང་ཚད་ལ་སྟོང་རྨིད་རེ་ལྔ་དང་གྲངས་ཆུང་ཐིག་གཅིག་ཡོད་པ་དང་། འགྲན་ཞུགས་པ་ཚོས་ཆི་ལེན་རྫོང་མཁར་ལ་སྐོར་བ་གསུམ་བརྒྱབ་རྗེས། ལར་འཛེག་མགོ་བརྩམས། འགྲན་རིམ་དྲུག་པའི་ལམ་བར་དུ་མཆོངས་རྒྱུག་བྱེད་ས་གཅིག་དངHརིམ་པའི་ལར་འཛེག་ས་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་རིམ་གྱི་མཇུག་རྫོགས་ས་དེ་མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་བཞི་བརྒྱ་དང་ཉི་ཤུ་ཡོད་སར་བཙུགས་ཡོད་ལ། ལ་གཟར་ཞིང་དབྱང་དབུགས་དཀོན་པའི་རྐྱེན་གྱིས་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ཁྲོད་ཆེས་དཀའ་བའི་འགྲན་རིམ་དུ་བརྩིས་ཆོག

འགྲན་རིམ་དྲུག་པ་མཇུག་རྫོགས་རྗེས། ཨང་རྟགས་ཉིས་བརྒྱ་དང་བཅུ་དྲུག་པ་མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ནཱ་སིན.མིན་སེ་ཧྥུའུ་དང་ཨང་རྟགས་བརྒྱ་དང་གྱ་གཅིག་པ་ཐེ་ཝན་བྱང་མའིrtsམེ་ཐིན་རུ་ཁག་གི་ཨོ་འར་ཐི་ཅཱ.ལ་མིས་ལེ་སི་གཉིས་ལ་སོ་སོར་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་དང་ལར་འཛེག་པ་ཆེས་བཟང་བའི་སྟོད་ལྭ་ཁྲ་ཁྲ་བྱིན་པ་དང་། ཡ་གླིང་གི་ཆེས་བཟང་བའི་ལྕགས་རྟ་བཞོན་མཁན་གྱི་མཚོན་རྟགས་སྟོད་ལྭ་སྔོན་པོ་དང་མི་སྒེར་གྱི་མཆོངས་རྒྱུག་སྐར་མ་ཆེས་མཐོ་བའི་མཚོན་རྟགས་སྟོད་ལྭ་ལྗང་ཁུ་སོ་སོར་ཧ་སག་སི་ཐན་གྱི་ཨ་སི་ཐ་ནཱ་ཝེ་ནོ་རུ་ཁག་གི་ཀི་ཏེ་ཁྲི.ཡེ་ཝུ་ཀི་ཉི་དང་ཐུར་ཁེ་ཐོ་ཁུའུ་རུ་ཁག་གི་ཨར་ཧྭ་མད་གཉིས་ལ་བྱིན།