མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2017.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་ཆེད་དོན་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་བཅར་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་འགན་ལེན་མཐོན་པོ་བཅངས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་ཏན་ཏིག་ངང་བྱ་བ་བསྒྲུབས་མཐར། འཕྲིན་བཅར་བྱ་བའི་རྣམ་པ་གསར་སྒྱུར་བྱེད་དགོས་ཤིང་། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་ཀྲུང་དབྱང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། བྱ་བའི་གནད་ས་གཙོ་བོར་བཀོད་སྒྲིག་གང་ལེགས་བྱས།

ལིག་ཉིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་བཅར་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འཕྲིན་བཅར་བྱ་བའི་བསམ་བློ་གསར་བ་དང་བླང་བྱ་གསར་བ་རབས་དང་རིམ་པའི་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་ཅིང་། དེས་འཕྲིན་བཅར་བྱ་བའི་གོ་གནས་གལ་ཆེན་དང་བྱེད་ནུས་གསལ་འདོན་བྱས་པར་མ་ཟད། ཁ་ཕྱོགས་གསལ་ལ་རྩ་བའི་རང་བཞིན་དུ་གྱུར་བའི་གནད་དོན་མི་ཉུང་བ་ཞིག་གསལ་འགྲེལ་བྱས་པ་ལས་གཞན། གནས་བབ་གསར་བའི་འོག་གི་འཕྲིན་བཅར་བྱ་བའི་ཆོས་ཉིད་གསལ་སྟོན་བྱས་ནས། འཕྲིན་བཅར་བྱ་བའི་ཁ་ཕྱོགས་དང་དམིགས་འབེན། གནད་ས་བཅས་ཇེ་གསལ་དུ་བཏང་བས། དེ་ནི་ང་ཚོའི་ཏང་གི་འཕྲིན་བཅར་བྱ་བའི་ངོས་འཛིན་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པ་མངོན་པར་མཚོན་པར་མ་ཟད། གནས་བབ་གསར་བའི་འོག་གི་འཕྲིན་བཅར་བྱ་བ་བཟང་བོར་བསྒྲུབ་པའི་གཞི་རྩའི་ཆོས་ཉིད་དང་ཚན་རིག་གི་ཕྱོགས་སྟོན་ལྟ་བུ་ཡང་ཡིན། རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་བརྒྱད་པས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་རྒྱལ་ཡོངས་འཕྲིན་བཅར་གནས་ཚུལ་སྤྱི་སྡོམ་བྱས་ཏེ། གནས་སྟངས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་འཕྲིན་བཅར་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སློབ་སྦྱོང་བཟང་བོ་དང་ལག་ལེན་དོན་འཁྱོལ། ཀྲུང་དབྱང་གི་གྲོས་ཚོགས་དགོངས་དོན་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ། རང་རྟོགས་ཡོད་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དགོངས་དོན་གྱིས་རང་གི་བསམ་བློ་བར་མེད་དུ་བརྒྱན་ནས། ལག་ལེན་ལ་མཛུབ་སྟོན་སྣེ་འདོན་བྱེད་དགོས་པར་མ་ཟད། མཚོ་སྔོན་གྱི་བྱ་བ་དངོས་ནས་རྐང་བཙུགས་ཏེ། ཁྱོན་ཡོངས་ནས་འཕྲིན་བཅར་བྱ་བའི་གནས་སྟངས་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་གང་ལེགས་བྱེད་དགོས། འཕྲིན་བཅར་བྱ་བའི་ཆོས་ཉིད་ལ་གོ་བ་ཡང་དག་བླངས་ནས། ཕན་འབྲས་ལྡན་པའི་ཚན་རིག་གི་བྱེད་ཐབས་སྤྱོད་དགོས་ཤིང་། འཕྲིན་བཅར་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པའི་ངང་མཐོར་འདེགས་གཏོང་དགོས་ཞེས་བསྟན།

ཝང་ཡུས་པོ་ཡིས་བླང་བྱ་བཏོན་ནས་བཤད་རྒྱུར། ཆབ་སྲིད་བརྩི་བའི་མཐོ་ཚད་ནས་འགྲེང་སྟེ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པའི་ལས་དོན་དམ་པོར་འཛིན་དགོས་ཤིང་། བརྩེ་བ་འཛིན་པའི་མཐོ་ཚད་ནས་ལས་རིམ་ཁག་སོ་སོའི་འོས་འགན་ཡོངས་འགྲུབ་བྱས་ཏེ། འགན་འཁྲི་ཕྲག་སྟེང་དུ་ལེན་པའི་མཐོ་ཚད་ནས་འཕྲིན་བཅར་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས།