སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གཏམ་བཤད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཤན་ཤུ
2017.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གཏམ་བཤད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཤན་ཤུགས་ཆེན་པོ་ཐེབས། ཚང་མས་ལང་ལོང་གིས། ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་སེམས་སུ་དམ་པོར་འཛིན་པ་དང་། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ལག་ལེན་ཐད་ཤུགས་འདོན་པ། ལྷག་བསམ་རྣམ་དག་གིས་ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་རྒྱུའི་ཚུལ་བསྟན།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་བལྟས་རྗེས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་ཧོང་ཧྭ་གློག་འདོན་ཀུང་ཟིའི་ཀྲུའུ་རིན་གཞོན་པ་ཁྲིན་ཨེ་མིན་གྱིས་བཤད་རྒྱུར། ང་རང་ལོ་བཅུ་གཅིག་ལ་དམག་མི་བྱས་མྱོང་བ་དང་། དམག་ཁུངས་ལས་ཕྱིར་བུད་དེ་ལོ་བཅུ་བདུན་འགོར་སོང་། ད་ལྟ་རྒྱལ་དབང་ཁེ་ལས་ཀྱི་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས། ང་རང་མི་དམངས་དམག་དཔུང་གི་དམག་དོན་བྱང་ཚད་དང་དམག་དཔུང་གིས་མང་ཚོགས་ལ་སྲུང་སྐྱོབ་བྱེད་པའི་འཐབ་འཛིང་ནུས་པར་ཡིད་ཆེས་བརྟན་པོ་ཡོད་དེ། རྒྱུ་མཚན་ནི་ང་རང་སྔོན་ཆད་དམག་མི་ཞིག་ཡིན་ལ། དམག་ཁུངས་སུ་ཡོད་སྐབས་ཀྱང་དེ་འདྲའི་ཡིད་ཆེས་ཡོད་ཟེར།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆབ་ཁྲིད་པ་ལོ་ཧོང་ཡོང་གིས་བཤད་རྒྱུར། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ་ནི་ང་ཚོ་འཕེལ་རྒྱས་སུ་གཏོང་བའི་འགན་སྲུང་ཡིན་ལ། དེ་རིང་གི་ཞི་བདེ་ནི་དེ་ལས་སླ་མོ་ཞིག་མིན་པས། ང་ཚོ་ཏང་ཡོན་ཚོས་རང་རྟོགས་སྒོས་ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཁྲོད་ཞུགས་ནས། ང་ཚོའི་དམག་དཔུང་ལྟ་བུ་བརྟན་པོ་ཡིན་པའི་ཏང་ཡོན་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། དམག་མི་ཚོས་ཕུལ་དུ་བྱུང་བའི་འཐབ་འཛིང་ནུས་པར་བརྟེན་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་ལ་བརྟེན་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཐད་གཏོང་ལ་བལྟས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་རུ་བྱ་བ་བསྒྲུབ་པའི་ལིས་ཧོས་ཀྱིས་བཤད་རྒྱུར། ཐེངས་འདིའི་ཡུལ་དངོས་ཐད་གཏོང་ལ་བལྟས་པ་བརྒྱུད་དེ། ང་ཚོའི་མི་དམངས་དམག་དཔུང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་། མི་དམངས་དམག་དཔུང་གི་ལོ་རྒྱུས་ཉམས་མྱོང་དང་འཕེལ་རྒྱས་ཐད་སྔར་ལས་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་པ་བྱུང་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པ། མུ་མཐུད་མདུན་བསྐྱོད་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་། རྗེས་ཕྱོགས་རང་ཉིད་ཀྱི་ལས་རྐང་ལ་སྔར་ལས་དགའ་ཞེན་དང་གཅེས་སྤྲས་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་རྒྱུ་ཡིན་ཟེར།

ཉིན་དང་པོར་ལས་གནས་སུ་ཞུགས་པའི་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཡཱང་པོ་ལེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་སྐབས་ཏང་གིས་དམག་དཔུང་ལ་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུམ་གི་ངོ་བོ་དང་དམིགས་འབེན་སྲུང་འཛིན་བྱེད་པའི་རྩ་བའི་འགན་སྲུང་ཡིན་པ་དང་། དེ་ནི་ང་ཚོ་ཏང་གི་རྔུལ་ཁྲག་གི་འཐབ་འཛིང་ཁྲོད་ཉམས་ལེན་བྱས་པའི་ལྡོག་མེད་ཀྱི་བདེན་ལུགས་ཡིན་ཞེས་ནན་བཤད་བྱས་མྱོང་། དཔའ་ལུང་རྫོང་ནི་ཏང་ཡོན་སྟོང་དགུ་དང་ང་བརྒྱད་དང་གཞི་རིམ་ཏང་རྩ་འཛུགས་ལྔ་བརྒྱ་ལྷག་ཡོད་པའི་རང་སྐྱོང་རྫོང་ཞིག་ཡིན་པའི་ཆ་ནས། ཏང་གི་འཛུགས་སྐྲུན་གྱི་འབྲེལ་བ་ཧ་ཅང་གལ་ཆེ། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་སྣེ་ཁྲིད་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཆོད་སེམས་བརྟན་པོ་དང་སྟོབས་ཤུགས་ཡོད་རྒུས་རྩ་འཛུགས་བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱེད་རྒྱུ་ཡིན་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིག་ཙིག་ཅུན་གྱིས་བཤད་རྒྱུར། རྨ་ཆེན་རྫོང་གི་དམག་དཔུང་དང་ཉེན་རྟོག་རུ་ཁག་གི་དཔོན་དམག་གིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དུས་སྐབས་གསར་བའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་བཀའ་གསུང་བརྩི་སྲུང་བྱེད་པ་དང་། འཐབ་འཛིང་ལས་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བའི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་ལག་བསྟར་བྱེད་པ། དམག་དོན་ལས་འགན་ཡོངས་འགྲུབ་བྱེད་པའི་ཞོར་དུ། སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་པ་མ་ཟད། རོགས་འཛུགས་བཟོ་སྐྲུན་གལ་ཆེན་དང་གཏན་འཇགས་ལ་སྲུང་སྐྱོབ། ཉེན་གཡོལ་གནོད་སྐྱོབ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་སོགས་ཕྱོགས་ནས་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབ་པས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་ཁས་ལེན་ཐོབ་ཡོད་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་གྱི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་ཡོན་ཚེ་བྷོས་བཤད་རྒྱུར། ཉིང་རྡུལ་མཁར་གྲོང་ནི་དམག་དཔུང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་གྱི་ཆེས་བཟང་བའི་བདེན་དཔང་ཡིན་ལ། ས་འདི་ནི་གསར་བརྗེ་སྔོན་རབས་པ་ཚོས་མེས་རྒྱལ་སྟོབས་ལྡན་དུ་བསྒྱུར་ཆེད་འབད་འཐབ་བྱས་མྱོང་བའི་ས་ཆ་ཡིན། ང་ཚོ་གུང་ཁྲན་ཏང་མི་ལ་ཕུགས་བསམ་དང་འཚོལ་སྙེག ཡིད་རྟོན་ཡོད་ལ། ང་ཚོ་ས་གང་དང་ལས་གནས་གང་དུ་ཡོད་རུང་། སྤྱི་ཚོགས་རིང་ལུགས་ལས་དོན་ཐད་འབད་བརྩོན་ལྷོད་མེད་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཞང་གི་ཧྲུའུ་ཅི་ལིས་ཧྲིན་ཧྭ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་ཁྲོད་ཞི་བདེ་ལ་ལོངས་སྤྱོད་པ་ནི་མི་དམངས་ཀྱི་བདེ་སྐྱིད་ཡིན་ལ། ཞི་བདེ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མི་དམངས་དམག་དཔུང་གི་འགན་འཁྲི་ཡིན་ཞེས་བཤད་ཡོད་པ་དང་། དེས་ང་ལ་བག་ཆགས་ཟབ་མོ་བཞག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱིས་ང་ཚོར་ཞི་བདེ་ལ་གཅེས་སྤྲས་དང་། མ་འོངས་གསར་གཏོད་བྱེད་དགོས་ཞེས་གསལ་འདེབས་བྱས་ཡོད་པ་དང་། དེ་ནི་གསོན་ཉམས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཐེངས་ཤིག་ཡིན་པས། ང་ཚོས་སློབ་སྦྱོང་ནན་མོ་བྱེད་པ་དང་། རྒྱུས་ལོན་གཏིང་ཟབ་བྱེད་པ། རང་འགན་བྱ་བ་བཟང་བོ་བསྒྲུབ་ནས། མེས་རྒྱལ་དར་རྒྱས་སུ་གཏོང་བའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་ཟེར།