མཚོ་སྔོན་ཞིང་ཆེན་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུ་བའི་མཛད་སྒོ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།
2017.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བརྒྱད་པའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཉིས་དྲུག་གསུངས་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུ་བའི་མཛད་སྒོ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་བགྲོ་གླེང་འཛིན་གྲྭ་བསྡུ་བའི་མཛད་སྒོའི་སྟེང་ཞུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པ་གཙོ་བོའི་མགོ་ཁྲིད་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བར་བསུ་མ་བྱེད་དགོས་ཞེས་པའི། ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་དགོངས་དོན་ལ་ཆེད་དོན་ཟུར་ཁྲིད་བྱས།

ཧྲིན་ཀྲང་ཝང་ཅན་ཅུན་གྱིས་འཛིན་གྲྭ་བསྡུ་བའི་མཛད་སྒོར་མགོ་འཛིན་བྱས་ཏེ་གཏམ་བཤད་ནང་དོན་ལ་སྤྱི་སྡོམ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།

ཝང་གོ་ཧྲིན་གྱིས་ཆེད་དོན་ཟུར་ཁྲིད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཉིས་དྲུག་གསུངས་བཤད་གལ་ཆེན་ལ་མིག་རྒྱང་རིང་བོ་དང་ནང་དོན་གཏིང་ཟབ། ཡར་སྐུལ་འབད་འཐབ་བཅས་ཀྱི་ཁྱད་ཆོས་ཀུན་ནས་རྫོགས་པར་མ་ཟད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་པའི་ཉི་འོད་ཀྱིས་བརྒྱན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན། གསུངས་བཤད་གལ་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་ལངས་ཕྱོགས་དང་ཁ་ཕྱོགས་གསལ་བསྒྲགས་བྱས་ཏེ། བསམ་བློ་གལ་ཆེན་དང་ལྟ་བ་གལ་ཆེན། བརྡར་གཅོད་གལ་ཆེན། ཐབས་ཇུས་གལ་ཆེན་བཅས་རབས་དང་རིམ་པ་བཏོན་པས། དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་གཞུང་ལུགས་གསར་བ་དང་གསར་གཏོད་ཕན་འབྲས་གཅིག་བསྡུས་སྒོས་མཚོན་ཐུབ་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཆབ་སྲིད་བསྒྲགས་གཏམ་དང་ལག་ལེན་གྱི་རྩ་འཛིན་ཡང་ཡིན། དེས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་ཆབ་སྲིད་དང་བསམ་བློ གཞུང་ལུགས་བཅས་ཀྱི་རྨང་གཞི་བརྟན་པོ་བཏིངས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དགོངས་དོན་གྱི་ཆབ་སྲིད་དང་གཞུང་ལུགས། ལག་ལེན་བཅས་ཀྱི་དོན་སྙིང་ལ་གོ་བ་ཡང་དག་བླངས་ནས། གསུངས་བཤད་གལ་ཆེན་གྱི་གྱི་ནང་སྙིང་འཛོམས་པོ་དང་བསམ་པའི་དགོངས་སྙིང་། རྩ་བའི་བླང་བྱ་བཅས་ལ་གོ་བ་མ་ནོར་བ་ལེན་ཐུབ་དགོས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། སྲོག་ཤིང་བརྟན་སྲུང་བྱེད་པའི་རང་རྟོགས་བསམ་བློ་དང་ལག་ལེན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གསུངས་བཤད་གལ་ཆེན་གྱི་དགོངས་དོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཏང་གིའཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ཁྱབ་ཁོངས་ནས་བརྒྱུད་སྤེལ་བྱེད་དགོས་པར་མ་ཟད། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་སྟོབས་ཤུགས་གལ་ཆེན་ཏུ་འགྱུར་བར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་དད་པ་ཇེ་བརྟན་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པས་མ་ལག་འཐུས་ཚང་ཡིན་པ་དང་། གཏན་ཚིགས་གཟབ་ནན་ཡིན་པའི་ཚན་རིག་གི་གཞུང་ལུགས་ཆ་ཚང་ཞིག་གྲུབ་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལག་ལེན་ལ་མཛུབ་སྟོན་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ཞིག་དང་བདེན་ལུགས་ཀྱི་སྟོབས་ཤུགས་དྲག་པོ་ཞིག་བཟོས་ཡོད། ང་ཚོས་སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ། དེའི་ཁྲོད་ན་གནས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་མ་ནོར་མ་འཆུག་པའི་སྒོ་ནས་ངེས་ཤེས་འདྲོངས་བར་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོབ་བྱས་ཏེ། སྔར་ལས་རང་རྟོགས་ལྡན་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་འབད་དགོས་ཞེས་བསྟན།

ཝང་ཅན་ཅུན་གྱིས་གཏམ་བཤད་ནང་དོན་ལ་སྤྱི་སྡོམ་བྱེད་སྐབས་བསྟན་དོན། བགྲོ་གླེང་འཛིན་གྲྭར་སློབ་སྦྱོང་ནན་འཛིན་དང་ཆབ་སྲིད་ནན་བརྩི། འགན་འཁྲི་ནན་སྒྲུབ་བཅས་ཀྱི་ཁྱད་ཆོས་ཀྱིས་བརྒྱན་ཡོད། ང་ཚོ་ཏང་གིས་སློབ་སྦྱོང་ལ་བརྟེན་ནས་དེ་རིང་བར་དུ་སླེབས་ཐུབ་པ་བྱུང་ཞིང་། མ་འོངས་པ་ལའང་སློབ་སྦྱོང་ལ་བརྟེན་ནས་མདུན་དུ་བསྐྱོད་དགོས། སློབ་སྦྱོང་ནན་འཛིན་ནི་ང་ཚོ་ཏང་གིས་ལས་དོན་མཐའ་དག་སྤེལ་བའི་ཉམས་མྱོང་གལ་ཆེན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་ནི། ང་ཚོས་ལོ་རྒྱུས་ཀྱི་སྐས་རིམ་གསར་བའི་སྟེང་ནས་ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་དཀའ་སྤྱད་མདུན་བསྐྱོད་བྱེད་པའི་རིན་བྲལ་ནོར་བུ་ཡིན། ཆབ་སྲིད་ནི་སྲིད་ཏང་གི་རྣམ་ཤེས་ཡིན་པ་དང་། ཆབ་སྲིད་སྟོབས་ལྡན་ཡིན་ན་སྲིད་ཏང་སྟོབས་དང་ལྡན་ལ། ཆབ་སྲིད་གཉོམ་ཞན་ཡིན་ན་སྲིད་ཏང་ཡང་དེ་བསྟུན་གཉོམ་ཞན་ཅན་ཡིན་པས། ཆབ་སྲིད་བརྩི་བ་ནི་ང་ཚོ་ཏང་དུས་ནམ་ཡང་ཕམ་མི་སྲིད་པའི་འགན་སྲུང་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཆེན་པོ་ད་ཡིན། འགན་འཁྲི་ནི་ཆབ་སྲིད་ཕྲག་སྟེང་དུ་ལེན་པའི་འགན་ཁུར་ལ་ཟེར་ཞིང་། འགན་འཁྲི་གཙང་ལེན་གྱི་སྲིད་ཏང་ལ་གཞི་ནས་སྟོབས་ཤུགས་ཆེན་པོ་ལྡན་པར་མ་ཟད། ཕམ་མི་སྲིད་པའི་བློ་སྤོབས་ལྡན་པ་ཡིན། འགན་འཁྲི་གཙང་ལེན་ནི་ང་ཚོ་ཏང་གི་སྟོབས་ཤུགས་གནས་ས་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་ནི། ང་ཚོས་བར་མ་ཆད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུ་བཏོད་ནས་འཕེལ་རྒྱས་གཏོང་བྱེད་ཀྱི་གཞོམ་མེད་སྟོབས་ཤུགས་ཡིན། བགྲོ་གླེང་འཛིན་གྲྭར་ལངས་ཕྱོགས་བརྟན་ལ་ལྟ་བ་གཙིགས་ཆེར་འཛིན་པ། བྱེད་ཐབས་ནན་འཛིན་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། བགྲོ་གླེང་འཛིན་གྲྭ་མཇུག་སྒྲིལ་བ་ནི་སློབ་སྦྱོང་སྔར་ལས་གཏིང་ཟབ་དུ་གཏོང་བའི་མགོ་རྩོམ་སྟངས་ཤིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་འགན་འཁྲི་གཙོ་བོ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། སློབ་སྦྱོང་སྔར་ལས་གཏིང་ཟབ་དུ་གཏོང་བ་དང་གོ་བ་ལོན་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བ། དངོས་ཡོད་འཚོ་བའི་ཁྲོད་ནས་བཀོལ་ཤུགས་སྔར་ལས་ཇེ་མཐོར་བཏང་ནས། ཧུར་བརྩོན་ཆེན་པོས་སློབ་སྦྱོང་གི་མ་དཔེར་འགྱུར་བར་བྱས་ཏེ། མཚོ་སྔོན་འདི་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་མདུན་གྲས་སུ་སླེབས་པར་བྱེད་དགོས། ང་ཚོས་ཆབ་སྲིད་དང་བསམ་བློ ལག་ལེན་བཅས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་གལ་ཆེན་ཚད་གཞིར་བཟུང་ནས། གནད་དོན་འདོན་པ་དང་ལས་དོན་བསྒྲུབ་ཚུལ་ཚང་མ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་མཐུན་མིན་ལ་བརྟག་དགོས་ཤིང་། རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་མིན་ལའང་བརྟག་དགོས། དེ་མིན་ད་དུང་མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་ཁྱད་ཆོས་ལ་མཐུན་པོ་ཡོང་མིན་ལའང་བསམ་གཞིགས་གཏོང་དགོས། རྒྱུན་མཐུད་འཕེལ་རྒྱས་ཆོས་ཉིད་དང་འཚམ་པོ་བྱུང་མིན་ལའང་བསམ་བློ་གཏོང་དགོས། སློབ་སྦྱོང་གི་དམིགས་འབེན་ནི་བཀོལ་སྤྱོད་བྱེད་པའི་ཆེད་དུ་ཡིན་ལ། ང་ཚོས་ཐེངས་འདིའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་བགྲོ་གླེང་གྲུབ་འབྲས་འདི་ཉིད་བསྒྱུར་བ་བཞིའི་བསམ་བློ་གསར་བའི་ཁྲོད་བཀོལ་ཅི་ཐུབ་བྱས་ཏེ། ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་ལག་ལེན་ཁྲོད་ནས་བཀོལ་ཅི་ཐུབ་བྱེད་དགོས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་ལས་རིམ་སོ་སོ་དངོས་འབེབས་དོན་འཁྱོལ་བྱས་མཐར། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།

བགྲོ་གླེང་འཛིན་གྲྭ་བསྡུ་བའི་མཛད་སྒོའི་སྟེང་དུ། ཚང་མས་སྲིད་གླེང་གློག་བརྙན་ཆེ་གྲས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་ཞེས་པར་བལྟས་ནས། ཐུན་མོང་སློབ་སྦྱོང་དང་ཚན་ཆུང་བགོས་ནས་གྲོས་བསྡུར་བྱས།